དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཡར་ཀླུང་གཙང་པོ་ཨང་དང་པོ”ཡི་རིག་ནུས་རྩིས་རྒྱག་ལྟེ་གནས་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-21

    ཟླ་6ཚེས་18ཉིན་གྱི་སྔ་དྲོར། བོད་ཀྱི་གཞི་ཁྱོན་ཆེ་བའི་རིག་ནུས་རྩིས་རྒྱག་ལྟེ་གནས་ཐོག་མ་སྟེ། “ཡར་ཀླུང་གཙང་པོ་ཨང་དང་པོ”ཡི་རིག་ནུས་རྩིས་རྒྱག་ལྟེ་གནས་སྒོ་ཕྱེ་བ་དང་། དེས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་ལམ་དུ་བསྐྱོད་པར་རམ་འདེམས་ཐུབ་རྒྱུ་རེད།

    “ཡར་ཀླུང་གཙང་པོ་ཨང་དང་པོ”ཡི་རིག་ནུས་རྩིས་རྒྱག་ལྟེ་གནས་ནི་ཧུའུ་པེ་ཞིང་ཆེན་གྱིས་བོད་སྐྱོར་བྱས་པའི“འདུ་འགོད་ཨང་དང་པོ”ཡིན་ཞིང་། “ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ས་མཐོར་ལག་ལེན་བསྟར་བ་ཞིག་རེད། དེ་ནི་བོད་ལྗོངས་ཡར་ཀླུང་གཙང་པོ་ཚན་རྩལ་ཚད་ཡོད་ཀུང་སི་དང་སྣེ་གདོང་ཆུས་ཟོ་དང་མ་འཇོག་ཀུང་སིས་མཉམ་དུ་མ་རྩ་བཏང་བ་ཞིག་རེད། གྲངས་འཛིན་དཔལ་འབྱོར་གྱི་དུས་རབས་སུ་རྩིས་ནུས་སྔ་ས་ནས་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཆུང་བ་ལག་ཐོགས་ཁ་པར་གྱི་གསང་རྟགས་བཀྲོལ་བ་དང་། ངོ་རིས་ངོས་འཛིན། རྟགས་བཤེར་དངུལ་སྤྲོད་བཅས་དང་། དེ་ནས་ཆེ་བ་སྤྲིན་རྩིས་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས། ཟོག་འབྲེལ་དྲ་རྒྱ། མི་མེད་འཁོར་གཏོང་། རིག་ལྡན་གྲོང་ཁྱེར་བཅས་བར། ཚང་མ་རྩིས་ནུས་དང་ཁ་བྲལ་ཐབས་མེད།

    རིག་ནུས་རྩིས་རྒྱག་ལྟེ་གནས་བསྐྲུན་ནས་རྩིས་སྤྲད་པ་དེས་བོད་ཀྱི་གཞི་ཁྱོན་ཆེ་བའི་རིག་ནུས་རྩིས་རྒྱག་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པ་མ་ཟད། མི་ཐབས་རིག་ནུས་དང་ཚན་ཞིབ་སློབ་གསོ་སོགས་ཀྱི་ཐོན་ལས་ལ་ལྟེ་བའི་རྩིས་ནུས་ཀྱིས་འདེགས་སྐྱོར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།