དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏུང་ཀྲོང་ཆུ་བེད་ལྟེ་བའི་ལས་གྲྭས་ལོ་མཇུག་ཏུ་ཆུ་གསོག་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-20

    ཟླ་6ཚེས་17ཉིན། ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་ལི་ཆོན་རྫོང་དུ་ཡོད་པའི་ཏུང་ཀྲོང་ཆུ་བེད་ལྟེ་བའི་ལས་གྲྭ་འཛུགས་སྐྲུན་དེ་མཐའ་མའི་གདོང་མཆོང་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། མིག་སྔའི་བར། རགས་ཆེན་ལ་ལུགས་བརྒྱབ་པའི་མཐོ་ཚད་སྨི་226ཟིན་པ་དང་རིམ་རྩིས་བརྒྱབ་ན་ཆུ་རགས་སྨི་ངོས་གྲུ་ཁྲི་171.7ལ་ཨར་འདམ་གྱི་ལུགས་བརྒྱབ་ཡོད་པ་རེད། ལས་གྲྭས་2025ལོའི་ལོ་མཇུག་ཏུ་ཆུ་སྒོ་བཀག་ནས་ཆུ་གསོག་རྩིས་ཡོད་པ་དང་། 2026ལོའི་ལོ་མཇུག་ཏུ་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་མཇུག་འགྲིལ་ཏེ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་མ་ཟད། སྐྲུན་ཟིན་རྗེས་ཆུ་མཛོད་དང་ཆུ་ལམ་དུ་བྱེ་འདམ་ཕུང་གསོག་ཐེབས་ཚད་ཉུང་དུ་ཕྱིན་ནས་ཝེ་ཧོ་གཙང་པོར་བྱེ་འདམ་ཕུང་གསོག་ཐེབས་པ་དང་ཆུ་ལོག་གི་གནོད་འཚེའི་གནད་དོན་ཐག་གཅོད་བྱེད་པར་རམ་འདེགས་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།