དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་ཟླ་7ཚེས་1ཉིན་ནས་བཟུང་མེ་འཁོར་གྱི་འཁོར་སྐྱོད་རི་མོ་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-20

    གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་12པ་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་གྱི་འཁོར་སྐྱོད་རི་མོ་གསར་པ་ལག་བསྟར་བྱ་རྒྱུ་རེད། རི་མོ་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་རི་མོའི་ནང་འགྲུལ་སྐྱེལ་མེ་འཁོར་13302བཀོད་སྒྲིག་བྱས་པ་དེ་ད་ལྟའི་རི་མོ་ལས་མེ་འཁོར་236མང་དུ་ཕྱིན་པ་དང་། ཟོག་འདྲེན་མེ་འཁོར་23635འཁོར་སྐྱོད་བྱས་པ་དེ་ད་ལྟའི་རི་མོ་ལས་མེ་འཁོར་39མང་དུ་ཕྱིན་ནས་ལྕགས་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ནུས་དང་འཁོར་སྐྱོད་ལས་ཆོད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    ལྕགས་ལམ་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། རི་མོ་གསར་པའི་སྤ་སེ་ཟླ་6ཚེས་17ཉིན་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་འཚོང་འགོ་ཚུགས་པ་དང་རི་མོ་ལེགས་སྒྲིག་བྱས་རྗེས་མེ་འཁོར་གཏོང་འགོ་ཚུགས་པའི་ཆ་འཕྲིན་དང་ཞབས་ཞུའི་ཆ་འཕྲིན་ཐད་འགྲུལ་པ་དང་མཁོ་མཁན་ཚོས་ལྕགས་ལམ་12306དང་། ཀྲུང་གོ་ལྕགས་ལམ་དྲ་ཚིགས་95306སྤྱོད་སྣེ། སྐད་འཕྲིན་སོགས་ཀྱི་ཐབས་ལམ་བརྒྱུད་འདྲི་རྩད་བྱེད་པའམ་ཡང་ན་ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་འགུལ་རྣམ་ཆ་འཕྲིན་དང་མེ་འཁོར་བབས་ཚུགས་ཆེ་གྲས་ཁག་གི་སྤྱི་བསྒྲགས་ལ་དོ་ཁུར་བྱས་ནས། འགྲོ་སྐྱོད་དང་དངོས་ཟོག་སྐྱེལ་འདྲེན་གྱི་ལས་དོན་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།