ཀྲེ་ཅང་ཧང་ཀྲོའུ་ཧྥུའུ་དབྱང་ཆུས་ཀྱིས།
ཉིན་མོ་འཚམས་འདྲི་དང་མཚན་མོར་གླེང་མོལ་བྱས་ནས་དམངས་འཚོའི་དཀའ་གནད་སྔོན་ལ་ཐག་གཅོད་བྱས་པ།
ད་ལོ་ཧྥུའུ་དབྱང་ཆུས་ཀྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྨང་གཞི་བརྟན་གཏོང་གི་བྱ་སྤྱོད་སྤེལ་ཏེ། ཉིན་མོའི་འཚམས་འདྲི་དང་མཚན་མོར་གླེང་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་པ་དམ་འཛིན་བྱ་གཞིར་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་མ་ཟད། མུ་མཐུད་མི་དམངས་ཀྱི་དཀའ་གནད་དང་སེམས་ཁྲལ་བསལ་བ་བརྒྱུད་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད། ཟླ་བ་3པ་ནས་བཟུང་། ཧྥུའུ་དབྱང་ཆུས་ཀྱི་གྲོང་ཚོ་མཉམ་འབྲེལ་ལས་བྱེད་པ་1800ལྷག་ཙམ་གྱིས་གྲོང་ཚོ་དང་སྡེ་ཁུལ་354ལ་འཚམས་འདྲི་དང་བརྟག་དཔྱད་བྱས་པ་རེད།
གྲོང་རྡལ་གྱི་ལས་བྱེད་པ་བཟོ་གྲྭའི་འཁོར་ཁང་དུ་སླེབས་པ་མཐོང་སྐབས་ཧང་ཀྲོའུ་ཤིན་ཧའེ་གློག་འདྲེན་ཕྱེད་གཟུགས་ལག་རྩལ་ཚད་ཡོད་ཀུང་སིའི་ལས་མི་ཞུང་ལིན་ཧྥུང་གིས“སྒོ་འགྲམ་གྱི་སློབ་གྲྭའི་སློབ་གནས་ལ་ཚད་གཞི་ཡོད་པ་དང་སྙོམས་སྦྱོར་སློབ་གྲྭའི་བར་ཐག་ཧ་ཅང་རིང་བས། ཕྲུ་གུ་བསུ་སྐྱེལ་བྱེད་པར་སྟབས་བདེ་པོ་མི་འདུག”ཅེས་བཤད།
ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཧྥུའུ་དབྱང་ཆུས་ལིང་ཆའོ་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་ལུའུ་ཧྲའོ་ཅུན་ཉེ་འགྲམ་གྱི་ལིང་ཆའོ་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་འཚམས་འདྲིར་སྐྱོད་པ་དང་འབྲེལ་གཏུག་ཡང་ཡང་བྱས་པ་བརྒྱུད། སློབ་གྲྭས་འཛིན་གྲྭ་མང་དུ་གཏོང་རྒྱུའི་མོས་མཐུན་དང་ཉེ་འགྲམ་ཁེ་ལས་ཀྱི་ལས་བཟོའི་ཕྲུ་གུ་ཚང་མ་སྟོན་དུས་སུ་ཉེ་འགྲམ་གྱི་སློབ་གྲྭར་ཞུགས་ཆོག་པའི་ཁས་བླངས་པ་རེད།
ལས་བྱེད་པས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད། ཧྥུའུ་དབྱང་ཆུས་ཀྱི་ཤང་དང་གྲོང་རྡལ་ཁག་གིས་ལམ་སྲོལ་གསར་གཏོད་ཧུར་ཐག་བྱས་ཡོད། ཧུའུ་ཡོན་ཤང་གིས“འགོ་ཁྲིད་ཚན་ཁག་གིས་མཉམ་འབྲེལ་འགན་གཙང་ལེན་པ་དང་ཆེད་དོན་དཔུང་ཁག་གཤམ་སྐྱོད”བྱ་རྒྱུ་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་ལས་ཁུངས་ཀྱི་ལས་བྱེད་པ་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་སོགས་སྐུལ་སློང་བྱས་ནས་ཆེད་དོན་དཔུང་ཁག་10བཙུགས་པ་དང་གཞི་རིམ་དུ་བསྐྱོད་དེ“ལེབ་བཤེར་རྣམ་པའི”གཅིག་སྡུད་འཚམས་འདྲི་དང་བརྟག་དཔྱད་བྱས་པ་དང་། དབན་ཧྲེ་གྲོང་རྡལ་གྱིས་གཞོན་ནུ་ལས་བྱེད་པས་མཚམས་འདྲི་བྱས་པའི་ཞིང་དུད་ཀྱི་གྲངས་འབོར་དང་བརྟག་ཞིབ་བྱས་ནས་དཀའ་ངལ་ཐག་གཅོད་བྱས་པའི་གྲངས་འབོར་ལ་སྐར་གསོག་ལམ་ལུགས་ཀྱི་དོ་དམ་བྱེད་ཀྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཧྥུའུ་དབྱང་ཆུས་ཀྱི་འགོ་ཁྲིད་ལས་བྱེད་པ་730ལྷག་ཙམ་གྱིས་ཞིང་དུད་ཁྲི་9.78ལ་འཚམས་འདྲི་བྱས་པ་དང་། སེལ་དཀའ་བའི་རྣམ་གྲངས་ཁག་850ལྷག་ཙམ་སྣེ་ཁྲིད་ཀྱིས་བསྒྲུབས་པ། སྒྱུར་བཅོས་ཆུང་གྲས་ཁག་350ལྷག་ཙམ་དོན་འཁྱོལ་བྱས་པ་རེད།