དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-20

    ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཐོ་འགོད་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཁེར་རྐྱང་བཟོ་ཚོང་དུད་ཚང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚེས་14ཉིན་ཕྱི་ཕྱོགས་ལ《ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་ཏེ་ཟླ་7ཚེས་15ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

    《ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོ་ཐོ་འགོད་དོ་དམ་སྲོལ་ཡིག》དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་རྨང་གཞིའི་ཐོག《ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་དོ་དམ་གཏན་འབེབས》ཀྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དམིགས་བསལ་གྱི་བཅའ་ཁྲིམས་ངོ་བོ་དང་གཉེར་སྐྱོང་ཁྱད་ཆོས་ལ་དམིགས་པ་དང་། ཉེ་བའི་ལོ་ཤས་རིང་ཐོ་འགོད་དོ་དམ་ལས་དོན་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་དོ་དམ་སྒྲིག་སྲོལ་སྔར་བས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།