དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་ལྕགས་ལམ་འགྲིམ་འགྲུལ་གྱི་གཏོང་སྤྲོད་ཞབས་ཞུ“གཱ་ཆེ་གྲས་ལྔ”ལ་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-20

    ཟླ་6ཚེས་15ཉིན་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱི་ལྕགས་ལམ་ལ་རྒྱལ་ཁོངས་ཕྱི་ནས་བཀྲམ་པའི་JCBགཱ་དང་རྒྱལ་ཁོངས་ཕྱི་ནང་ནས་བཀྲམ་པའི་ཨ་རིའི་འགྲོ་སྐྱོད་ཤར་བགྲོད་གཱ་སྤྱད་ནས་འཛུལ་བ་དང་། དེ་བཞིན་སྤ་སེ་ཉོ་བ་དང་གསབ་པའི་ནུས་པ་གསར་དུ་བསྣན་ཡོད། པེ་ཅིང་གྲོང་ཁྱེར་གྱི་ལྕགས་ལམ་ལ་ཀྲུང་གོའི་དངུལ་འབྲེལ་དང་། དབན་ཧྲི་ཏ། ཝུའེ་སཱ། JCB ཨ་རིའི་འགྲོ་སྐྱོད་ཤར་བགྲོད་བཅས་ཀྱི་གཱ་ཆེ་གྲས་ལྔ་ཡི་གཏོང་སྤྲོད་ཞབས་ཞུ་ཁྱབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞབས་ཞུ་རིམ་སྤོར་དེ་པེ་ཅིང་གི་གཞུང་ལམ་དྲ་བ་ཡོངས་ཀྱི་གཉེར་སྐྱོང་ལམ་ཐིག་29(གནམ་ཐང་གི་མཁའ་ལམ་2དང་། ནུབ་འདབས་ལམ་ཐིག དབྱི་ཀྲོང་T1ལམ་ཐིག་བཅས་ཚུད་ཡོད)དང་། མེ་འཁོར་འབབ་ཚུགས་523 དེ་བཞིན་གྲོང་འདབས་ཀྱི་ལྕགས་ལམ་ལམ་ཐིག་S2བཅས་ལ་ཁྱབ་ནས་དྲ་རྒྱ་ཡོངས་དང་། དུས་མཚམས་ཡོངས། འཛུལ་སྒོ་ཡོངས་བཅས་ལ་གཱ་སྤྱད་ནས་སྐྱོད་ཆོག་གི་ཡོད། འགྲུལ་པས་སྔོན་ནས་སྤ་སེ་ཉོ་བའམ་ཡང་ན་བཀོལ་སྤྱོད་བྱ་རིམ་ཕབ་ལེན་བྱེད་མི་དགོས་པར་གཱ་འཁྱེར་ནས་ཚོར་ཤེས་ཁུལ་དུ་བཅར་ན་ལམ་སེང་འཛུལ་ཆོག་གི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁོངས་ཕྱིའི་འགྲུལ་པས་པེ་ཅིང་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་མེ་འཁོར་ལ་སྡོད་སྐབས་རྒྱལ་ཁོངས་ཕྱི་ནང་ནས་བཀྲམ་པའི་དངུལ་ཁང་གཱ་སྤྱད་དེ་འཛུལ་ཆོག་ལ། རང་འདེམས་སྤ་སེ་འཚོང་བའི་སྒྲིག་ཆས་ནས་མཉམ་སྐྱོད་ནང་མི་དང་རོགས་པར་རྐྱང་ལམ་སྤ་སེ་གཅིག་གམ་དེ་ཡན་ཉོས་ནས་ས་འོག་ལྕགས་ལམ་མེ་འཁོར་ལ་སྡོད་ཆོག་གི་ཡོད། རྐྱང་ལམ་སྤ་སེ་སྤྱོད་རིང་གལ་ཏེ་རྒྱལ་ཁོངས་ཕྱིའི་འགྲུལ་པར་ལམ་ཚད་བརྒལ་བའམ་དུས་ཚོད་ཡོལ་བའི་གནས་ཚུལ་འཕྲད་ཚེ། རང་ལ་ཡོད་པའི་རྒྱལ་ཁོངས་ཕྱི་ནས་བཀྲམ་པའི་དངུལ་ཁང་གཱ་སྤྱད་དེ་རང་འདེམས་སྒྲིག་ཆས་ནས་སྤ་སེ་གསབ་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།