ཨན་ཧུའེ་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་རེའི་ལུས་རྩལ་བྱེད་སྒོ་ཆུ་ཚོད་2ཡན་ཟིན་པ།
ཉེ་ཆར། གསར་འགོད་པས་ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཨན་ཧུའེ་ཡིས“བདེ་ཐང་ཨང་དང་པོར”འཇོག་པའི་སློབ་གསོའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སློབ་གྲྭའི་ལུས་རྩལ་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་ལྟར་གྱི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད་2ལས་མི་ཉུང་བ་བྱས་པ་རེད།
2021ལོ་ནས་བཟུང་། ཨན་ཧུའེ་ཡིས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས“བྱ་སྤྱོད་ཆེན་པོ་ལྔ”སྤེལ་འགོ་བཙུགས་ནས་ལུས་རྩལ་སློབ་ཚན་གྱི་དུས་ཚོད་རིམ་བཞིན་མང་དུ་བཏང་བ་དང་རྨང་གཞིའི་སློབ་གསོའི་དུས་མཚམས་སུ་ཉིན་ལྟར་ལུས་རྩལ་སློབ་ཚན་རེ་བཀོད་སྒྲིག་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། 2025ལོའི་དཔྱིད་དུས་སློབ་དུས་སུ་སློབ་གསེང་གི་དུས་ཚོད་སྐར་མ་15བར་མང་དུ་བཏང་ཡོད་པས་ཐབས་ལམ་སྣེ་མང་བརྒྱུད་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་ལྟར་གྱི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད་2ལས་མི་ཉུང་བ་སྤེལ་བར་འགན་ལེན་བྱས་ཡོད།