དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དེ་བས་ཡངས་པའི་མཉམ་ལས་གཉིས་ཁེའི་ལམ་བུར་སྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡུས་ཅུན།   |     སྤེལ་དུས།  2025-06-20

    ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་གི་ཐུན་མོང་སྣེ་ཁྲིད་འོག ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 2023ལོའི་ཟླ་ལྔ་པར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་ཐོག་མ་བདེ་བླག་ངང་གཉེར་ཞིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པས་གོང་བུ་འགྲིལ་ཤུགས་དང་། གསར་གཏོད་ནུས་པ། བྱ་སྤྱོད་སྤེལ་ནུས་བཅས་སྔར་བས་བཏོན་ཏེ་མཉམ་ལས་ཀྱི་འཆར་གཞི་གསར་པ་བཀོད་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་དབར་འགྲོ་འོང་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ལ་ཁྱབ་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་ཕྱོགས་ཡོངས་ལ་ཁྱབ་པ། ཕྱོགས་གཉིས་པོའི་ངོས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ལག་ལེན་བསྟར་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་བཅས་བྱུང་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་ཐོག་མ་གཉེར་བ་ནས་ལམ་སྲོལ་དྲུང་ཡིག་ཁྲུའུ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་བར་དང་། གཙོ་གནད་ཁྱབ་ཁོངས་10ལྷག་ཙམ་གྱི་པུའུ་རིམ་པའི་མཉམ་ལས་ལམ་སྲོལ་ནས་མཉམ་ལས་རྣམ་གྲངས་དང་མ་དངུལ་བསྡུ་གཏོང་ལས་སྟེགས་གལ་ཆེན་བར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི“གདུང་བཞི་ཀ་བརྒྱད”ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་འགོ་ཚུགས་པ་དང་། དེ་ཐོག་ནས་ཆུ་ཚད་དེ་བས་མཐོ་བ་དང་། ཚད་གཞི་དེ་བས་མཐོ་བ། སྤུས་ཚད་དེ་བས་ལེགས་པ་བཅས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱེད་པའི་རྒྱལ་ཁབ་དྲུག་གི་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད།

    ཡུལ་སྐོར་དང་། རིག་གནས། སློབ་གསོ། ས་ཁུལ་སོགས་ཁྱབ་ཁོངས་སུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ནས་མཛའ་གྲོགས་གྲོང་ཁྱེར་ཆ་100ཡི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བརྟན་པོ་བྱེད་བཞིན་ཡོད་པ་དང་། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ“ཀྲུང་གོར་དགའ་པོ་བྱེད་པ་”ནས“རྒྱ་ཡིག་སྦྱོང་བ”དེ་རྒྱུན་མཐུད་དར་ཁྱབ་འགྲོ་བཞིན་ཡོད་པ་དང་ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་ལ་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་རྒྱལ་སྒྲོལ་འཐུས་མཆན་འགོད་མི་དགོས་པ་སྔ་རྗེས་སུ་མངོན་འགྱུར་བྱུང་ནས་མི་སྣ་འགྲོ་འོང་དེ་བས་སྟབས་བདེ་རུ་སོང་སྟེ། ཨེ་ཤེ་ཡ་དབུས་མའི་ས་ཁུལ་དེ་ཀྲུང་གོའི་ཡུལ་སྐོར་བས་ཡུལ་སྐོར་བྱེད་མང་བའི་དམིགས་སར་གྱུར་ཡོད།

    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་རྒྱུན་འཁྱོངས་ཀྱིས་ཕྱོགས་གཉིས་དང་ཕྱོགས་མང་གི་བདེ་འཇགས་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས“ངན་ཤུགས་གསུམ”དང་རྒྱལ་སྒྲོལ་གྱི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་བཏང་སྟེ། ས་ཁུལ་གྱི་ཡུན་རིང་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་གཞོལ་བཞིན་ཡོད། ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། སྒོ་དབྱེ་བསྟུན་མཁས་ཀྱི་འཛམ་གླིང་གི་དཔལ་འབྱོར་གཏོད་རྒྱུ་དར་སྤེལ་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མ་ལག་འཐུང་སྒོ་ཚང་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད།

    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམ་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་ལོ་ངོ་སྟོང་གི་དར་གོས་ལམ་བུའི་ལོ་རྒྱུས་ཀྱི་བློ་གྲོས་དཔྱད་གཞིར་འཛིན་པ་དང་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དུས་རབས་ཀྱི་འབོད་སྒྲ་ཁ་ཆད་དུ་བྱས་ཏེ། འབྱུང་འགྱུར་ལ་ཕྱོགས་པ་དང་སེམས་མཐུན་དོན་འཁྱོལ་གྱིས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་གཉིས་ཁེའི་ལམ་བུར་བསྐྱོད་ནས་ས་ཁུལ་གྱི་འཕེལ་རྒྱས་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

    (རྩོམ་པ་པོ་ནི་ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།