དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ​ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་འབྱུང་འགྱུར་མཉམ་ལས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་འགོད་རྒྱུ་ཡིན།

  •     སྤེལ་དུས།  2025-06-20

    ཚེས་16ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས། ཨེ་ཤེ་ཡ་དབུས་མའི་ས་ཁུལ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཐོག་མར་འདོན་ས་ཡིན་ལ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔོན་སྐྱོད་ཁུལ་ཡང་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་འཚོག་ཉེར་ཡོད་པས་རྒྱལ་ཁབ་ཁག་གི་གཙོ་བདག་གིས་འབྱུང་འགྱུར་མཉམ་ལས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་བཀོད་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དེ་བས་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་མགྲིན་ཚབ་པས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ན་འགྲིག་གམ། གོམ་སྟབས་རྗེས་མའི་མཉམ་ལས་ལ་རེ་སྒུག་ཅི་ཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས།

    ཀུའོ་ཅ་ཁུན་གྱིས་བརྗོད་དོན། ཨེ་ཤེ་ཡ་དབུས་མའི་ས་ཁུལ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཐོག་མར་འདོན་ས་ཡིན་ལ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔོན་སྐྱོད་ཁུལ་ཡང་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་འདོགས་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཡོད། 2024ལོར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་ཐད་སྒོར་དུང་ཕྱུར་6741.5ཡི་ཟིན་ཐོ་གསར་པ་བཏོད་དེ་2013ལོ་ལས་116%འཕར་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མ་བཅོས་རྡོ་སྣུམ་མདོང་ལམ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་མདོང་ལམ་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གསར་པ་བཏོད་པ་དང་། ཀྲུང་གོ་ནས་ཐ་ཇིག་སི་ཐན་བར་གྱི་གཞུང་ལམ་དང་། ཀྲུང་གོ་ནས་ཁེར་གྷི་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་བར་གྱི་གཞུང་ལམ་དང་ལྕགས་ལམ་གྱིས་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཆུ་ཚད་གསར་པར་སླེབས་པ། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་ཕྱོགས་སྒྱུར་གྱིས་དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་བཏང་བ། ཀྲུང་གོ་དང་ཧ་སག་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་ཕན་ཚུན་རྒྱལ་སྒྲོལ་འཐུས་མཆན་མི་དགོས་པ། ལུའུ་པན་བཟོ་ཁང་མགྱོགས་མྱུར་ངང་ལག་ལེན་བསྟར་བ། མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་འབྲེལ་མཐུད་མྱུར་པོ་བྱུང་བ་བཅས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོ་ཞིག་ཏུ་འགྱུར་བཞིན་ཡོད།

    ཀུའོ་ཅ་ཁུན་གྱིས་བརྗོད་དོན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་འཚོག་ཉེར་ཡོད་པས་རྒྱལ་ཁབ་ཁག་གི་གཙོ་བདག་གིས་འབྱུང་འགྱུར་མཉམ་ལས་ཀྱི་འཆར་གཞི་གསར་པ་ཐུན་མོང་ཐོག་འགོད་རྒྱུ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དེ་བས་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་བཏོད་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།