2025ལོའི་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཕྱི་རོལ་མཁོ་ཆས་འགྲེམས་ཚོགས་འགོ་ཚུགས་པ།
ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་ཕྱི་རོལ་ལུས་རྩལ་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་འབྲེལ་ཡོད་ཐོན་རྫས་ཀྱི་དགོས་མཁོ་རྒྱུན་མཐུད་འཕར་བཞིན་ཡོད། ཀྲེ་ཅང་དབྱི་ཝུའུ་གྲོང་ཁྱེར་ནི་གོ་ལ་ཧྲིལ་པོའི་ཚོང་ཟོག་ཆུང་གྲས་བསྡུ་འགྲེམས་བྱ་ཡུལ་ཆེ་ཤོས་ཡིན་པའི་ངོས་ནས་རྒྱལ་ཁབ་ཕྱི་ནང་གི་ཕྱི་རོལ་མཁོ་ཆས་ཁེ་ལས་མང་པོ་ཞིག་གིས་དབྱི་ཝུའུ་ཡི་ཁྲོམ་ར་དང་འགྲེམས་ཚོགས་སོགས་འཐུས་སྒོ་ཚང་བའི་ཚོང་དོན་ཁོར་ཡུག་དང་མཁོ་སྤྲོད་འཁོར་འབྲེལ་ལ་བརྟེན་ནས་ཐོན་རྫས་འཛམ་གླིང་ས་གནས་ཁག་ཏུ་འཚོང་གི་ཡོད། ཟླ་6ཚེས་14ཉིན། ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་དང་2025ལོའི་ཀྲུང་གོ(དབྱི་ཝུའུ)རྒྱལ་སྤྱིའི་ཕྱི་རོལ་སྒར་སའི་མཁོ་ཆས་འགྲེམས་ཚོགས་ཐོག་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཚོང་པས་ནུས་རྒྱུ་གསར་པའི་གློག་སྒྲོན་ཐོན་རྫས་ཉོ་བཞིན་པ།