2025ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་ཨ་སི་ཐ་ནར་སྤེལ་བ།
ཟླ་6ཚེས་16ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཧ་སག་སི་ཐན་ཙུང་ཐུང་རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་སྒྲིག་གཞིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་དེ་ཨ་སི་ཐ་ནར་གནས་པའི་ཧ་སག་སི་ཐན་ཙུང་ཐུང་ལྟེ་གནས་སུ་སྤེལ་ཞིང་། དེའི་ནང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྨྱན་སྦྱོར། སློབ་གསོ་སོགས་ལས་རིགས་ཁག་གི་མི་སྣ་ཚུད་པའི་སྐུ་མགྲོན་150ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་གྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ》ཡོངས་བསྒྲགས་བྱས་པ་དང་སྨྱན་སྦྱོར་གྱིས་མཉམ་འབྲེལ་འཕྲིན་སྤེལ་དང་། ནང་དོན་མཉམ་སྤྱོད། ཆ་འཕྲིན་ཡོངས་བསྒྲགས། ལག་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་མཉམ་ལས་ཀྱི་མནའ་འབྲེལ་བཏོད་དེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འབོད་སྒྲ་དོན་དངོས་དང་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་ནས་དམངས་སེམས་གཅིག་མཐུན་ཟབ་ཏུ་དང་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་བཏང་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།