དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧྥ་རན་སེའི་གཞོན་ནུ་འགོ་ཁྲིད་པའི་གླེང་སྟེགས་སྐབས་དགུ་པ་ཧྥ་རན་སེར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-20

    ཚེས་12ནས་15ཉིན་བར། ཀྲུང་གོ་དང་ཧྥ་རན་སེའི་གཞོན་ནུ་འགོ་ཁྲིད་པའི་གླེང་སྟེགས་སྐབས་དགུ་པ་ཧྥ་རན་སེའི་ཕ་རི་སི་དང་མར་སེ་རུ་གཉེར་བ་རེད། ཀྲུང་གོ་དང་ཧྥ་རན་སེ་ནས་ཡོང་བའི་སྲིད་གཞུང་དང་། བཟོ་ཚོང་། ཚན་རྩལ། རིག་གནས་དང་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་གཞོན་ནུའི་འཐུས་མི་50ལྷག་ཙམ་གྱིས་ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་མི་འདྲ་བའི་དབར་གྱི་སྤེལ་རེས་དང་། མི་ཐབས་རིག་ནུས་ཀྱི་མི་ཆོས་ལྟ་འདོམས། ཀྲུང་ཧྥའི་དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཀྱི་བརྗོད་གཞིར་གྲོས་བསྡུར་ཟབ་མོ་བྱས་པ་རེད།

    ཧྥ་རན་སེའི་ནང་སྲིད་པུའུ་ཀྲང་ཟུར་པ་དང་མར་སེ་ཧྥུའུ་སི་གྲུ་ཁའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁེ་ལི་སི་ཐོའུ་ཧྥུའུ·ཁཱ་སེ་ཐཱ་ནེས། ད་ཆ་ལས་རིགས་མང་པོར་ཀྲུང་གོའི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པས་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོར་མ་འཇོག་མཉམ་ལས་ཁྱབ་ཁོངས་སུ་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    ཀྲུང་ཧྥ་གཞོན་ནུ་འགོ་ཁྲིད་པའི་གླེང་སྟེགས་ནི་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས་དང་ཧྥ་རན་སེ་ཧྥ་ཀྲུང་ཐེབས་རྩ་ལྷན་ཚོགས་ཀྱིས་2013ལོར་མཉམ་དུ་གཉེར་བ་དང་། ལོ་ལྟར་རྒྱལ་ཁབ་གཉིས་སུ་རེས་མོས་ཀྱིས་གཉེར་གྱི་ཡོད། སྐབས་འདིའི་གླེང་སྟེགས་སུ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཟུར་པ་ཁུང་ཆོན་གྱིས་ཀྲུང་གོ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་རུ་སྣེ་འཁྲིད་པ་རེད། གླེང་སྟེགས་གཉེར་རིང་། གཞོན་ནུའི་འཐུས་མིས་ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་དང་། ཕ་རི་སིའི་ཟློས་གར་ཁང་། ཡོ་རོབ་དང་ས་དབུས་རྒྱ་མཚོའི་ཤེས་དཔལ་རྟེན་མཛོད་ཁང་བཅས་སུ་ལྟ་སྐོར་བྱས་པ་མ་ཟད། ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཀྱི་དབྱི་ཀྲང་གཞོན་པ་མུའུ་ཐེ་ཆིའུ་ཡིས་མཇལ་འཕྲད་ཀྱང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།