དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་ཡོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས།

    ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕྱོགས་མི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-20

    ཉེ་བའི་ལོ་ཤས་རིང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕྱོགས་མི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས“ཕྱོགས་མི་ཏང་ཡོན་གཅིག་ཏུ་བསྒྲིལ་བ་དང་ཁྲོན་བོད་ཡུལ་གཉིས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་བཅངས་ནས“ཡུལ་གཉིས་ཀྱིས་མཉམ་སྐྲུན་དང་ཞབས་འདེགས”ཞུ་སྟངས་ཟབ་ཏུ་བཏང་སྟེ། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕྱོགས་མི་ཏང་ཡོན་བོད་ལྗོངས་ཏང་ཨུད་དེ་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་བསྐྲུན་པ་དང་། “ཁྱིམ”གྱི་དྲོ་སྐྱིད་ལ་བརྟེན་ཏེ་ཁྲེང་ཏུའུ་ནས་ཡིན་པའི་ཕྱོགས་མི་ཏང་ཡོན་རྣམས་ལ་འབད་འབུངས་ཀྱིས་བྱས་རྗེས་འཇོག་པར་ལྕག་སྐུལ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་པ་རེད།

    དད་མོས་རྨང་གཞི་བརྟན་དུ་བཏང་། བསམ་པའི་འཚོ་བཅུད་ལེགས་པར་བསབས།

    “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི། ང་ཚོས་དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་ལ་ཁྲིད་སྟོན་བྱེད་པའི་བསམ་པའི་དར་ཆ་རླབས་པོ་ཆེ་རེད། ན་ནིང་ཏང་ཨུད་ཀྱིས་ཆེད་དོན་ཏང་གི་སློབ་ཚན་ཐེངས་20སྤེལ་བ་དང་ཕྱོགས་མི་ཏང་ཡོན་མི་ཐེངས་400ལ་གཅིག་སྡུད་དམ་རེས་འཁོར་སྦྱོང་བརྡར་བྱས་ཡོད”ཅེས་ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཆོན་གྱིས་ངོ་སྤྲོད་བྱས།

    ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཆོན་གྱིས་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གི་སློབ་ཚན་ཁྲིད་ཡོད། ཁོང་གིས“ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ངོས་ནས་ངས་སྔོན་ལ་སློབ་སྦྱོང་དང་སྔོན་ལ་སྒྲུབ་པ་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱ་ཆེའི་ཕྱོགས་མི་ཏང་ཡོན་གྱིས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་ལ་སྐུལ་ཁྲིད་བྱས་ཡོད”ཅེས་བརྗོད།

    དུས་མཚུངས་སུ་ཏང་ཨུད་དེས་རིམ་ཁག་ཏང་གི་སློབ་གྲྭ་དང་། མཐོ་སློབ། གསོ་སྦྱོང་ལས་ཁུངས་བཅས་ལ་བརྟེན་ནས་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དང་། སྒོ་རྩར་སློབ་ཁྲིད། དྲ་རྒྱའི་སློབ་ཚན། “མཛུབ་རྩེའི་སློབ་སྦྱོང”སོགས་ཀྱི་བྱ་ཐབས་བརྒྱུད་གསོ་སྦྱོང་སློབ་སྦྱོང་བྱས་ཏེ། ཕྱོགས་མི་ཏང་ཡོན་སྒྲིག་འཛུགས་ཀྱིས་དྲ་ཐོག་དང་དྲ་ཕྱི་ནས་རྒྱུན་རྣམ་ཅན་གྱི་རྩ་འཛུགས་འཚོ་བ་སྣ་ཚོགས་སྤེལ་ཞིང་། སི་ཁྲོན་དང་བོད་ལྗོངས་ཡུལ་ལུང་གཉིས་སུ་ཏང་ཡོན་གྱིས་ཡག་པོ་སྦྱོང་བ་དང་། སྤྱོད་ཐུབ་པ། ཕན་འབྲས་ཐོན་པ་བཅས་འགན་ལེན་བྱས་ཡོད།

    གནས་ཚུལ་གནད་སྨིན་མཐིལ་བཤེར་གྱིས། འཐབ་འཛིང་མཁར་རྫོང་སྟོབས་ཆེར་བསྐྲུན།

    “ཏང་ཡོན་གང་དུ་བསྐྱོད་པ་དང་གང་དུ་གཅིག་སྡུད་བྱས་ན། ཏང་རྩ་འཛུགས་དེ་གར་འཛུགས་དགོས”

    ཀྲང་ལི་ཆོན་གྱིས“‘ཁྱིམ་བདག’ཡིན་པའི་ངོས་ནས་ཐོག་མར‘ཁྱིམ་ཚང་གི་ཁོངས་མིའི’གནས་ཚུལ་ཁོང་དུ་ཆུད་ན། གཞི་ནས་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཐུན་མོང་འབད་འཐབ་བྱེད་ཐུབ”ཅེས་བཤད།

    ཏང་ཨུད་དེས“ཞིབ་བཤེར་གཅིག འཚམས་འདྲི་གཉིས། ཞིབ་དཔྱད་གསུམ”གྱི་བྱ་ཐབས་བརྒྱུད་ཏང་ཡོན་གྱིས་རྩ་འཛུགས་འཚོལ་བ་དང་རྩ་འཛུགས་ཀྱིས་ཏང་ཡོན་འཚོལ་བའི“གཉིས་འཚོལ”ལམ་ལུགས་སྔར་བས་དོན་འཁྱོལ་བྱས་ཏེ། “ཕྱོགས་གཉིས”རྩིས་རྒྱག་ལམ་སྲོལ་ལག་བསྟར་བྱས་ཏེ། ཕྱིར་ཐོན་ས་གནས་ཀྱི་ཏང(ལས་དོན)ཨུད་དང་ཕྱོགས་མི་ཏང་རྩ་འཛུགས་ཀྱིས“ཕྱོགས་གཉིས”རྩིས་རྒྱག་ཐོག་ནས་ཕྱོགས་མི་ཏང་ཡོན་འཚོལ་བ་དང་། ཕྱོགས་མི་ཏང་ཡོན་གྱི་རྩིས་ཐོ་འགུལ་རྣམ་རྗེས་འདེད་ཀྱིས་འཐུས་སྒོ་ཚང་དུ་བཏང་ཡོད།

    དེ་དང་ཆབས་ཅིག་ཏང་ཨུད་དེས“སྣེ་ཁྲིད་པ”ལེགས་པོ་འདེམས་པ་དང་སྟོབས་ལྡན་བཀོད་སྒྲིག་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གྱི་ལས་འགན་ལྕི་པོར་དམ་འཛིན་དམ་ཟབ་བྱས་ཡོད། མིག་སྔར། ཏང་ཨུད་དེའི་འོག་ཏུ་རིམ་གཉིས་ཏང་རྩ་འཛུགས་25བཙུགས་ཡོད་པ་དེའི་ནང་ཏང་ཨུད་2དང་། ཏང་གི་སྤྱི་ཁྱབ་ཀྲི་པུའུ་2 ཏང་ཀྲི་པུའུ་21བཅས་ཡོད།

    གཞན་ཡང་ཏང་ཨུད་དེས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཕུལ་བྱུང་གླ་པ་རྒྱུག་མཁན་ཏང་ནང་ཞུགས་སུ་བཅུག་ཡོད། 2008ལོ་ཚུན། ཏང་ཨུད་དེས་ཏང་ཡོན་གསར་པ་ཁྱོན་བསྡོམས་220འཕེལ་རྒྱས་བཏང་ཡོད།

    ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་། ལས་སྒྲུབ་ལས་གཏོད་འཕེལ་བར་བྱེད།

    “ཕྱོགས་མི་ཏང་ཡོན་མང་ཆེ་བ་ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པ་དང་གྲུང་པོ་ཡོད་པས་ལས་གཏོད་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད” “ང་ཚོས་ཚན་པའི་ཁྱད་ཆོས་དང་ལེགས་ཆ་གཞིར་བཟུང་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཞབས་ཞུའི་རྣམ་པ་གསར་གཏོད། ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས‘གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་། སྡེ་ཁུལ་ལ་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་དུ’མདུན་དུ་སྐྱོད་པ་དང་། དཔེ་སྟོན་བྱེད་པ། དཔེ་མཚོན་བྱེད་པ་བཅས་བྱས་ཏེ་ཕྱོགས་མིའི་ཏང་རྩ་འཛུགས་དང་ས་གནས་དེ་གའི་མཉམ་འདྲེས་འཕེལ་རྒྱས་དང་། ཐུན་མོང་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཀྲང་ལི་ཆོན་གྱིས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཏང་ཨུད་དེས་མཉམ་སྐྲུན་བྱེད་སྒོ་ཐེངས་14སྤེལ་བ་དང་། གླ་པ་རྒྱུག་མཁན་རྣམས་ལ་ལས་རྨས་དང་གླ་ཕོགས་ཀྱི་རྩོད་གཞི་སོགས་ཀྱི་གྱོད་གཞི་16ཐག་གཅོད་བྱས་པ། ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་ཐེངས་5སྤེལ་ནས་གླ་པ་རྒྱུག་མཁན་300ལ་གསོ་སྦྱོང་བྱས་པ་རེད།

    དེ་དང་ཆབས་ཅིག་ཏང་ཨུད་དེས་འབྲེལ་ཐག་གི་ནུས་པ་ཧུར་ཐག་བཏོན་ནས་ལས་སྟེགས་བཙུགས་ཏེ། སི་ཁྲོན་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།