དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་གནོན་ཡན་ལག་ཀུང་སིའི་ ཏང་ཡོན་ཞབས་ཞུ་རུ་ཁག་གིས།

    གྲོང་མིར་འབྲུབ་འགོག་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་འགྲེལ་བཤད་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-20

    འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་གནོན་ཀུང་སིས་ཏང་ཡོན་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་མིར་འབྲུབ་འགོག་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་གནོན་ཀུང་སིས་ཏང་ཡོན་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་སྲས་ཁང་གྲོང་ཚོ་དང་མཉམ་དུ་འབྲུབ་འགོག་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གྲོང་མིའི་འབྲུབ་ཆུ་རྒྱས་དུས་ཉེན་ཁར་ཁ་གཏད་གཅོག་ནུས་ཆེ་རུ་ཕྱིན་ཡོད།

    བྱེད་སྒོ་སྤེལ་རིང་། ཀུང་སིའི་ཏང་ཡོན་ཞབས་ཞུ་རུ་ཁག་གིས་གློག་སྒྱུར་ས་ཚིགས་ཉེ་འགྲམ་གྱི་གྲོང་མིར་འབྲུབ་འགོག་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་། དྲག་ཆར་དང་འབྲུག་ཆར་འབབ་སྐབས་འགོག་ཟོན་དང་ཁ་གཏད་འཇལ་ཐབས་ཁྱབ་གདལ་བཏང་ནས་གྲོང་མིའི་གནོད་འཚེ་སྔོན་འགོག་དང་རང་སྐྱོབ་ནུས་པ་ཆེ་རུ་བཏང་བ་རེད། གྲོང་མིས་དྲག་ཆར་རླུང་འཚུབ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་སྐབས་རང་སྐྱོབ་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མིས་ཞིབ་ཚགས་ལ་ཆེད་ལས་ལྡན་པའི་སྒོ་ནས་གྲོང་མིར་སྔོན་འགོག་བྱེད་ཐབས་དང་དེ་བཞིན་རང་སྐྱོབ་བྱེད་ཐབས་འགྲེལ་བཤད་བརྒྱབ་པ་མ་ཟད། གྲོང་མིར་དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡར་དོ་ཁུར་བྱས་ནས་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པ་དང་སྦྲགས་གློག་སྒྱུར་ས་ཚིགས་དང་འབྲེལ་བ་བྱས་ཏེ། དུས་ཐོག་ཏུ་ཉེན་ཁའི་གནས་ཚུལ་ཤེས་རྟོགས་དང་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།