དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྨད་རྫོང་དུ་རང་ལྗོངས་ཀྱི་དམངས་སྲིད་ཞབས་ཞུའི་སྤྱི་ཁྱབ་ས་ཚུཌ་ཐོག་མ་དེའི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-19

    གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། མཚོ་སྨད་རྫོང་དུ་རང་ལྗོངས་ཀྱི་དམངས་སྲིད་ཞབས་ཞུའི་སྤྱི་ཁྱབ་ས་ཚུགས་ཐོག་མ་དེའི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དམངས་སྲིད་ཞབས་ཞུའི་སྤྱི་ཁྱབ་ས་ཚུགས་དེ་མཚོ་སྨད་རྫོང་དམངས་སྲིད་ཅུས་སུ་བཙུགས་ཡོད་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་4ལ་ཁྱབ་ནས་སྤྱི་ཚོགས་རོགས་སྐྱོབ་དང་། རྒན་གསོའི་ཞབས་ཞུ། བྱིས་པའི་ཕན་བདེ། གཉེན་སྒྲིག་ཐོ་འགོད། དབང་པོ་སྐྱོན་ཅན་ལ་རོགས་རམ་སོགས་འགན་ནུས་མང་པོ་སྡེབ་སྒྲིལ་བྱས་ནས“གཅིག་འཐུས་རྣམ་པའི”ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བཏོད་ཡོད། སྤྱི་ཁྱབ་ས་ཚུགས་ཀྱིས་ལྟེ་བའི་ནུས་པ་བཏོན་ཏེ། ལྗོངས་ཡོངས་ཀྱི་དམངས་སྲིད་ཐོན་ཁུངས་སྤྱི་འདོམས་སྙོམ་སྒྲིག་དང་། གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་ཀྱི་དམངས་སྲིད་ཞབས་ཞུའི་ས་ཚུགས་ཀྱི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས“སྤྱི་ཁྱབ་ས་ཚུགས་དང་། ཡན་ལག་ས་ཚུགས། ཞབས་ཞུའི་ས་ཚུགས་བཅས་ཟུང་དུ་འབྲེལ་བའི”རིམ་གསུམ་མཉམ་འགུལ་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་མ་ལག་ཞིག་ཆགས་པ་བྱེད་རྒྱུ་རེད། གཞན་ཡང་། སྤྱི་ཁྱབ་ས་ཚུགས་ཀྱིས་སྤྱི་ཚོགས་རྩ་འཛུགས་དང་དེ་བཞིན་དང་བླངས་ཚོགས་པའི་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྣེ་མང་ཅན་གྱི་ཞབས་ཞུའི་ལས་སྟེགས་བཏོན་ནས་དམངས་འཚོའི་འགན་སྲུང་ལས་དོན་ལ་སྐུལ་འདེད་ཀྱང་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།