དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(རྒྱལ་སྤྱིའི་དཔར་མ)ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་རྒྱུན་སྨྱན་སྦྱོར་ནས་གཏོང་སྤེལ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-18

    ཟླ་6ཚེས་16ཉིན། 《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(རྒྱལ་སྤྱིའི་དཔར་མ)ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་རྒྱུན་སྨྱན་སྦྱོར་ནས་གཏོང་སྤེལ་བྱེད་འགོ་ཚུགས་པ་རེད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལེ་ཚན་དེ་གཏོང་སྤེལ་བྱས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལེ་ཚན་རྩེ་གྲ《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(རྒྱལ་སྤྱིའི་དཔར་མ)ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག བཀའ་མོལ་བཅས་ནས་དྲངས་པའི་ཀྲུང་གོའི་སྙན་རྩོམ་དང་གཏམ་རྒྱུད་ཞིབ་ཅིང་ཚགས་པ་བདམས་ཁར། སྒོ་དབྱེ་མཉམ་ལས་དང་། ཚན་རྩལ་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིག་གནས་གསར་གཏོད་སོགས་བརྗོད་དོན་གཙོ་བོར་དམིགས་ཏེ། རྒྱལ་སྤྱི་ཅན་གྱི་ལྟ་ཕྱོགས་དང་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་བརྟེན་ནས་ཨེ་ཤེ་ཡ་དབུས་མའི་ལྟད་མོ་བར་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་དགོངས་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཟབ་མོ་འགྲེལ་བཤད་བརྒྱབ་པ་མ་ཟད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྣ་ཚོགས་ཀྱང་མངོན་པར་བྱས་ཡོད།

    དེ་རིང་ནས་བཟུང་ལེ་ཚན་དེ་ཧ་སག་སི་ཐན་གྱི་དར་གོས་ལམ་བུའི་བརྙན་འཕྲིན་ལས་ཁུངས་དང་། ཁེར་གྷི་སི་ཐན་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སི། ཐ་ཇིག་སི་ཐན་གྱི“ཀྲ་ཧུང་ན་མོའོ”རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས། ཏུར་མེན་སི་ཐན་གྱི་གསར་འགྱུར་དྲ་བ། ཨུ་ཟ་བྷེ་ཁི་སི་ཐན་གཞོན་ནུ་བརྙན་འཕྲིན་ལས་ཁུངས་སོགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་རྒྱུན་སྨྱན་སྦྱོར་ནས་སྟོན་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།