དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སོ་ནམ་དུས་ཚོད་དམ་འཛིན་བྱེད། ལོ་ཡག་ལྗང་པ་འཛུགས་པར་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-18

    འདི་ནི་ཟླ་6ཚེས་13ཉིན་ཨན་ཧུའེ་ཞིང་ཆེན་ཤུས་སུང་རྫོང་གི་ཚད་གཞི་མཐོ་བའི་ཞིང་ནང་དུ་ཞིང་པས་ཞིང་འཕྲུལ་བཏང་ནས་འབྲས་ལྗང་འཛུགས་བཞིན་པ།

    འདི་ནི་ཟླ་6ཚེས་15ཉིན་ཧྲན་ཏུང་ཞིང་ཆེན་ཐན་ཁྲེང་རྫོང་ཀུའེ་དབྱི་གྲོང་ཚོ་དྲུག་པའི་ཞིང་པས་འབྲས་ལྗང་དབོར་བཞིན་པ།

    མིག་སྔར་ས་ཆ་མང་པོར་འབྲས་ལྗང་འཛུགས་པའི་དུས་ཚིགས་ཤར་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་དུ་ལྗང་འཛུགས་འཕྲུལ་འཁོར་མང་པོས་ལྡིར་སྒྲ་སྒྲོག་བཞིན་འབྲས་ལྗང་སྟར་པ་མང་པོ་གྲལ་འགྲིག་པོས་འཛུགས་བཞིན་ཡོད། ཞིང་པས་སོ་ནམ་དུས་ཚོད་དམ་འཛིན་གྱིས་ལྗང་འཛུགས་ཀྱི་ལས་ལ་འབད་དེ་ལྗང་པ་སྤུས་ཚད་ལེགས་པོས་འཛུགས་ཐུབ་པའི་འགན་ལེན་དང་ལོ་ཧྲིལ་པོའི་འབྲུ་རིགས་ལ་ཐོན་འབབ་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།