ཧ་སག་སི་ཐན་གྱི“ཀྲུང་གོའི་ཡུལ་སྐོར་ལོ”འགོ་ཚུགས་པ།
འདི་ནི“དར་གོས་དང་དར་གོས་ལམ་བུ། ཀྲུང་གོ་ནས་ཧ་སག་སི་ཐན་བར”ཞེས་པའི་འགྲེམས་སྟོན་ལ་ས་གནས་དེ་གའི་གྲོགས་པོ་ཆུང་ཆུང་ཚོས་འཐག་འཕྲུལ་གྱི་དཔེ་དབྱིབས་ལ་ལྟ་བཞིན་པ།
ཚེས་16ཉིན་ཧ་སག་སི་ཐན་གྱི“ཀྲུང་གོའི་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོ་ཧ་སག་སི་ཐན་རྒྱལ་ཁབ་རྟེན་མཛོད་ཁང་དུ་འཚོགས་པ་དང་། ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་སྐུ་མགྲོན་300ཙམ་ཞུགས་ཡོད་པ་རེད།
ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་སུན་ཡེ་ལི་དང་། ཧ་སག་སི་ཐན་གྱི་ཡུལ་སྐོར་དང་ལུས་རྩལ་པུའི་པུའུ་ཀྲང་མེར་ཀྲ་པོ་སེ་ནོ་ཧྥུའུ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། ཤིས་ཚིག་ཀྱང་བསྒྲོན་པ་རེད།
ཧ་སག་སི་ཐན་གྱི“ཀྲུང་གོའི་ཡུལ་སྐོར་ལོའི”བྱེད་སྒོ་གཙོ་བོ་ཡིན་པའི“དར་གོས་དང་དར་གོས་ལམ་བུ། ཀྲུང་གོ་ནས་ཧ་སག་སི་ཐན་བར”ཞེས་པའི་འགྲེམས་སྟོན་ཡང་ཚེས་16ཉིན་ཧ་སག་སི་ཐན་རྒྱལ་ཁབ་རྟེན་མཛོད་ཁང་དུ་འགོ་ཚུགས་ཤིང་། འགྲེམས་སྟོན་དེ“དར་གོས་ཀྱི་འབྱུང་ཁུངས”དང་། “དར་གོས་ལམ་བུ” “དར་གོས་བེད་སྤྱོད”བཅས་ཁག་གསུམ་དུ་དབྱེ་ཡོད་པ་དང་། དེའི་དམིགས་ཡུལ་ནི་དར་གོས་ལམ་བུའི་རིག་གནས་ཀྱི་ལོ་རྒྱུས་དང་དེང་རབས་ཀྱི་འཕེལ་རྒྱས་མངོན་པ་དང་ཀྲུང་གོ་དང་དར་གོས་ལམ་རྒྱུད་རྒྱལ་ཁབ་ཀྱི་མཛའ་མཐུན་སྤེལ་རེས་དང་རིག་གནས་མཉམ་འདྲེས་མངོན་ཆེད་རེད། འགྲེམས་སྟོན་དེ་ཟླ་8ཚེས་8ཉིན་བར་བྱེད་རྒྱུ་རེད།
ཉིན་དེའི་འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་དང་། རྒྱ་ཆས་ངོམ་སྟོན། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཀྱི་བྱེད་སྒོ་ཡང་སྤེལ་བ་རེད།
གཞན་ཡང་། ཀྲུང་གོའི་དར་གོས་རྟེན་མཛོད་ཁང་དང་ཧ་སག་སི་ཐན་རྒྱལ་ཁབ་རྟེན་མཛོད་ཁང་དབར་གྱི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད།