རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་མཐར་ཟད་འགྲན་བསྡུར་གྱི་ཁྲི་ཀ་ས་ཚིགས་སུ་ཀྲུང་གོ་དང་ཨུ་རུ་སུའི་བདམས་ཐོན་པར་གྲུབ་འབྲས་བཟང་པོ་ཐོབ་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། 2025ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་མཐར་ཟད་འགྲན་བསྡུར་ཁྲི་ཀ་ས་ཚིགས་ཀྱི་མཐའ་བསྡུར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་གཉེར་བ་རེད། ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་བདམས་ཐོན་པས་མུ་མཐུད་ལེགས་ཆ་རྒྱུན་འཁྱོངས་ཐུབ་ཡོད།
ས་ཚིགས་འདིར་ཁྱོན་བསྡོམས་ལུས་རྩལ་པ་135ཡིས“གནམ་འོག་རྨ་ཆུ་ཁྲི་ཀར་དྭངས”ཞེས་པའི་མཚན་སྙན་བཟང་པོ་ཐོབ་པའི་ཁྲི་ཀར་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་ནང་ཞུགས་མཁན་གྱི་ལོ་ཚོད་ལ་གཞིགས་ནས་སྐྱེས་པ་དང་བུད་མེད་ཚོགས་ཆུང་ཚང་མ་ཚོགས་ཆུང་དྲུག་ཏུ་དབྱེ་ཡོད།
མཐར་ཀྲུང་གོའི་བདམས་ཐོན་པ་སུན་ལི་དང་། ལི་ཧྲོང་། ཅི་ཀྲེང་། ལན་ཀྲོ་ཧུང་། ཝུའུ་ཝུན་ཅོན། ཝང་གཡོད། ཤུའེ་ལི་མེན་བཅས་སོ་སོར་སྐྱེས་པའི་ཚོགས་ཆུང་Bདང་། བུད་མེད་ཚོགས་ཆུང་B སྐྱེས་པའི་ཚོགས་ཆུང་C བུད་མེད་ཚོགས་ཆུང་C བུད་མེད་ཚོགས་ཆུང་E སྐྱེས་པའི་ཚོགས་ཆུང་F བུད་མེད་ཚོགས་ཆུང་Fབཅས་ཀྱི་ཨང་དང་པོ་ཐོབ་པ་དང་། ཨུ་རུ་སུའི་བདམས་ཐོན་པ་ཉི་ཀུ་ལཱ་དང་། ཝུའེ་ལུའོ་ཉི་ཁཱ། ཨ་ལི་ཁེ་ཞེ། ཡེ་ཁཱ་ཅེ་ལི་ནཱ། དབྱི་ཀེ་ལི་བཅས་ལ་སྐྱེས་པའི་ཚོགས་ཆུང་Aདང་། བུད་མེད་ཚོགས་ཆུང་A སྐྱེས་པའི་ཚོགས་ཆུང་D བུད་མེད་ཚོགས་ཆུང་D སྐྱེས་པའི་ཚོགས་ཆུང་Eབཅས་ཀྱི་ཨང་དང་པོ་སོ་སོར་ཐོབ་པ་རེད།
ལོ་56ལ་སླེབས་པའི་སུང་ཏུང་ནི་ཧྲན་ཏུང་ཙའོ་ཀྲོང་ནས་ཡིན་པ་དང་ས་ཚིགས་འདིའི་འགྲན་བསྡུར་ནང་ཁོང་ལ་སྐྱེས་པའི་ཚོགས་ཆུང་E་གི་ཨང་གཉིས་པ་ཐོབ་པ་རེད།
སྐབས་འདིའི་འགྲན་བསྡུར་ནི་ཡ་རྫི་རྫོང་དང་། ཁྲི་ཀ་རྫོང་། རྨ་ཆེན་རྫོང་བཅས་ཀྱི་མྱུར་འགྲན་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་དང་ཚ་རྔ་མཚེའུ་སྐོར་བའི་མར་སུན་ཆུ་རྐྱལ་རྒྱུག་མཐུད་འགྲན་བསྡུར་གྱི་རྣམ་པར་བརྟེན་ནས་སྤེལ་བ་རེད། ཚེས་19ཉིན་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་ས་ཚིགས་གསུམ་པ་སྟེ་རྨ་ཆེན་ས་ཚིགས་ཀྱི་འགྲན་བསྡུར་བསུ་རྒྱུ་རེད།