གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་བྱེད་སྟངས་གསར་གཏོད་བྱས་ནས་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།
ད་ཕན་ལོ་ཤས་རིང་། གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་གཞི་ཚུགས་ནས། “མདུན་གྲལ”གྱི་འདུ་ཤེས་དང“ལྟེ་བ”བརྟན་པོ་འཛུགས་པ་དང་། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ལྟེ་བའི་འགག་གནད་དུ་བྱེད་པ། ལྟ་འདོམས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། གྲམ་དང་། སྐྱིད་གྲོང་། ལེགས་རྩེ་སོགས་ཀྱི་འགག་སྒོ་མཉམ་སྒུལ་གྱིས“གཞི་གཅིག་ཅན་གྱི་འགག་སྒྲོལ”ཞབས་ཞུ་ཁྱབ་གདལ་བཏང་ནས་ནུས་ཤུགས་ཡོད་རྒུས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་མཐོ་ས་བཏོད་ཡོད། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཁྲལ་སྡོམ་ལས་གཉེར་བྱས་ཚུན། ཕྱིར་གཏོང་དངོས་ཟོག་ཏུན་186ལྟ་འདོམས་དང་སྤོ་སྒྱུར་བྱས་པར་དངོས་ཟོག་གི་རིན་ཐང་སྒོར་ཁྲི་952ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་འགག་སྒོ་ལས་ཁུངས་ཀྱིས“སྐམ་ས་དང་གྲུ་ཁའི་འདུན་ཞུ་དང་། གཏོགས་ཁོངས་ཞིབ་བཤེར། འགག་སྒོ་ཐད་གཏོང”བཅས་ཀྱི་ཕྱོགས་གསུམ་གཞི་གཅིག་གི་ལྟ་འདོམས་བྱེད་སྟངས་བརྒྱུད། ཁེ་ལས་ཀྱི་སྒོ་ཁྲལ་གནས་ཞུ་དང་། དཔྱད་བཤེར། ཤར་གཏོང་བཅས་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུ་མངོན་འགྱུར་བྱུང་ཡོད། ཁོངས་གཏོགས་ཁུལ་གྱི་ཕྱིར་གཏོང་དངོས་ཟོག་གི་50%རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་རེ་ཞུ་བྱེད་ཆོག་པ་དང་། བྱང་སྐར་སྤུན་བདུན་གྱི་ངེས་གནས་མ་ལག་དང་རིག་ནུས་ཁྲལ་སྡོམ་སྲུབས་མེད་སྦྲེལ་མཐུད་བརྒྱུད་ལམ་བར་གྱི་ལྟ་འདོམས་མངོན་འགྱུར་བྱེད་ཐུབ། འགག་སྒོར་མ་ལག་གི་རང་འགུལ་ཆ་བསྡུར་བརྒྱུད་འབྲས་བུ་དཔྱད་བཤེར་བྱས་ཏེ་འགག་སྒྲོལ་མགྱོགས་མྱུར་བྱེད་ཐུབ་ཀྱི་ཡོད། “ལྕགས་ལམ་དང་གཞུང་ལམ་མཉམ་འདྲེན”དང་ཆུས(གྲུ་ཁ)འགག་སྒོ་མཉམ་སྒུལ”ཟུང་དུ་འབྲེལ་བའི་ལམ་སྲོལ་ཟབ་གཏོང་བརྒྱུད། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་སྐམ་སའི་གྲུ་ཁར་གཅིག་སྡུད་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ཟོག་འགྲེམས་སྐྱེལ་འདྲེན་གྱི་ནུས་ཕྱོད་དང་སྤྱི་ཡོངས་ཀྱི་འགག་སྒྲོལ་ནུས་པ་མཐོ་རུ་ཏན་ཏིག་བཏང་ཡོད།