དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བཞད་མཐོང་སྨོན་རྫོང་གིས“རིག་ནུས་ཞིབ་འགོད་ལས་སྒྲུབ”ཀྱི་བྱེད་སྟངས་ལ་བརྟེན་ནས་སྲིད་དོན་ཞབས་ཞུར་སྒུལ་ནུས་གསར་པ་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་སྲིད་དོན་ཞབས་ཞུའི་སྒྱུར་བཅོས་བྱ་བར་དམིགས་ནས“རིག་ནུས་ཞིབ་འགོད་ལས་སྒྲུབ”ཚད་བརྒལ་ཡོང་གཞིར་བྱས་ཁར། “རིག་ནུས་ཀྱི་བྱེད་ཐབས་བཞིར”བརྟེན་ནས་རྣམ་པ་ཁྱོན་ཡོངས་ནས་མཐོང་ཐུབ་པའི་རིག་ལྡན་སྲིད་དོན་ཞབས་ཞུའི་མ་ལག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་པས། མང་ཚོགས་ལ“གྲངས་འཛིན་སྲིད་གཞུང”གཏོད་པ་ལས་བྱུང་བའི་སྟབས་བདེ་དང་ནུས་ཆེ་ཏན་ཏིག་ཚོར་ཐུབ་པ་བྱུང་ཡོད།

    མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་ཐད། བཞད་མཐོང་སྨོན་རྫོང་གིས་སྒོར་ཁྲི་1208བཏང་ནས་ཚད་ལྡན་ཅན་གྱི་སྲིད་དོན་དམངས་ཕན་ཞབས་ཞུའི་ཚོམས་ཆེན་བསྐྲུན་ནས་VRཕན་ནུས་དཔེ་རིས་དང་། རིག་ནུས་ལས་སྒྲུབ་ཕྱོགས་སྟོན་སོགས་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ནང་འདྲེན་བྱས་པས། སྡེ་ཚན་28ཀྱི་ལས་སྒོ་ཁག་242“སྒོ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་བ་མ་ཟད། སྲིད་དོན་ཞབས་ཞུའི“གྲངས་འཛིན་རྟོག་བཟོའི”བྱེད་སྟངས་གསར་པ་བཏོད་པའི་ཐོག་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཇུས་གཞི་དང་རིག་ནུས་ཞབས་ཞུའི་སྒྲིག་སྲོལ་རྣམ་གྲངས་ཁག་12ལ་གཞིགས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་18དང་། སྲིད་འཛིན་གྲོང་ཚོ་89ལ“སྤྲིན་རྩིས་ཞབས་ཞུའི་ཕྱོགས་ཚད་སྟར་སྒྲིག”བསྐྲུན་པས། གཞི་རིམ་གྱི་མང་ཚོགས་ལ་དོན་དག་གཅོད་ནུས་ཆེ་རུ་སོང་ནས“སྐར་མ་15ཡི་འཚོ་བའི་འཁོར་རྒྱ”བཏོད་ཅིང་། དེའི་ནང་ཤང་གཉིས་དང་གྲོང་ཚོ་གཉིས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་སྒོ་བྱང་ཁེབས་རས་ཕྱེ་བའི་ཚན་པ་ཐོག་མར་གྱུར་ནས་གཞི་རིམ་གྱི་སྲིད་དོན་ལ་ཞབས་འདེགས་ཞུ་བའི་དཔེ་མཚོན་དུ་གྱུར་ཡོད།

    ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བའི་སྒྱུར་བཅོས་ཐད། བཞད་མཐོང་སྨོན་རྫོང་གིས་ཚད་ལྡན་ཅན་གྱི་དོན་གནད་སྟར་སྒྲིག་རི་མོ་ཁག་1182བཏོད་དེ་སྔོན་མའི་གསལ་ཁ་མེད་པའི་ཞིབ་མཆན་འགོད་པའི་ཚད་གཞི་དེ་གནད་ལ་འཁེལ་བའི“གྲངས་འཛིན་ཚད་གཞིར”བསྒྱུར་ཞིང་། ཁེར་རྐྱང་བཟོ་ཚོང་བར་རིག་ནུས་ཞིབ་འགོད་འཕྲུལ་འཁོར་ནང་འདྲེན་བྱས་རྗེས། ཁེ་ལས་ཀྱི་ལས་རིམ་ཧྲིལ་པོའི་སྒྲུབ་ཡུན་ཆུ་ཚོད་1ཐུང་དུ་ཕྱིན་ཏེ་ཁེ་ལས་107ལ“གྲངས་འཛིན་ཐེལ་འགོད”ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་མ་གནས་སྒོར་ཁྲི་11ཙམ་གྲོན་ཆུང་ཐུབ་ཡོད།

    མང་ཚོགས་ལ་ཉེ་བཅར་གྱི་ཞབས་འདེཌ་ཡག་པོ་ཞུ་ཆེད། བཞད་མཐོང་སྨོན་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ལ་རིག་ནུས་ཞབས་ཞུའི་དུད་སྣེའི་དྲ་རྒྱ་ཁྲིད་དེ་ཁེར་རྐྱང་བཟོ་ཚོང་བར་ཞབས་འདེགས་དང་། ཞིང་ལས་དངུལ་ཁང་གི་དངུལ་རྩ་ལས་གཉེར། སྨན་བཅོས་འགན་བཅོལ་འདྲི་རྩད་སོགས་ཀྱི་བྱེད་ནུས་བསྡུ་སྒྲིལ་བྱས་པ་མ་ཟད། སློབ་མར་རྒྱུགས་ཤོག་པར་འདེབས་འཕྲུལ་འཁོར་མཁོ་འདོན་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་པར་སློག་རྒྱག་པ་སོགས་ཀྱི་དམངས་ཕན་ཞབས་འདེགས་ཞུས་ཏེ། “ཆུ་ཚོད་24ཡི་རིང་གི་གྲངས་འཛིན་སྲིད་དོན་སྟབས་བདེའི་ལས་སྒྲུབ་ཁང”བཙུགས་ཡོད། ན་ནིང་གི་ཟླ་བ་བཅུ་པར་ལས་གཉེར་བྱས་པ་ནས་བཟུང་། ལས་དོན་སྒྲུབ་ཚད་འབར་ཆེན་འཕར་ནས་སྲིད་དོན་ཞབས་ཞུ“ས་ཁོངས་ཧྲིལ་པོར་སྒོ་མི་རྒྱག་པར”ས་མཐོའི་མང་ཚོགས་ལ་དུས་ནམ་ཡིན་ཡང་སྟབས་བདེའི་ཞབས་འདེགས་ཀྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།