དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལས་གནས་སྣ་ཚོགས་མཁོ་འདོན་བྱེད། ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་དབར་སྦྲེལ་མཐུད་བྱེད་སའི་ཐབས་ལམ་སྔར་བས་ཡག་པོ་བཏོད་ནས། ཚོགས་སྤྱི་སྣ་ཚོགས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལྷ་ས་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ“ལས་གནས་སྣ་ཚོགས་མཁོ་འདོན་བྱེད། ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལས་མི་བསྡུ་བའི་འདུ་ཚོགས་སུ་ལྗོངས་ཕྱི་ནང་གི་ཁེ་ལས་ཚན་པ་50ཡིས་ལས་ཞུགས་ལས་གནས་553མཁོ་འདོན་བྱས་པར། ལས་ཀ་འཚོལ་མཁན་མང་པོ་ཞུགས་ཡོད་པ་རེད།

    འདི་ནི་ལས་ཀ་འཚོལ་མཁན་ཞིག་གིས་ལས་གནས་ཆ་འཕྲིན་ལ་རྒྱུས་ལོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།