དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིའི་རོགས་སྐྱོབ་སྟོབས་ཤུགས་མང་པོས་གནོད་འཚེའི་གནས་ཚུལ་བརྡ་ལན་མྱུར་སྤྲོད་ཀྱི་མཉམ་འགུལ་ལམ་སྲོལ་མཉམ་དུ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གིས་གནམ་གཤིས་དང་། ཆུ་དཔྱད། ཀྲུང་གོ་ལྕགས་ལམ། བདེ་འཇགས་ནུས་རྒྱུ། ཕུག་ལམ་རོགས་སྐྱོབ་རུ་ཁག་སོགས་བཅའ་སྡོད་ཁུལ་གྱི་རོགས་སྐྱོབ་སྟོབས་ཤུགས་མང་པོ་དང་མཉམ་དུ་གནོད་འཚེའི་གནས་ཚུལ་བརྡ་ལན་མྱུར་སྤྲོད་ཀྱི་མཉམ་འགུལ་ལམ་སྲོལ་བཙུགས་ནས་ཉིང་ཁྲིའི་རོགས་སྐྱོབ་མྱུར་ཚད་མགྱོགས་སུ་གཏོང་བར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནོད་འཚེའི་གནས་ཚུལ་བརྡ་ལན་མྱུར་སྤྲོད་ཀྱི་མཉམ་འགུལ་ལམ་སྲོལ་ནང་གནོད་འཚེའི་བརྡ་ལན་མྱུར་སྐྱེལ་དང་། སྟོབས་ཤུགས་གསབ་རེས། རྒྱུན་གཏན་མཉམ་འགུལ། མཉམ་འབྲེལ་སྦྱོང་བརྡར། འཐབ་ཐབས་འགག་སྒྲོལ་སོགས་ཀྱི་ལམ་ལུགས་བཟོས་ཡོད། ཕྱོགས་ཁག་གིས་མཉམ་ལས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གེགས་སེལ་གྱི་བསྒར་བརྒྱན་རྣམ་པའི་མཉམ་ལས་འཚོལ་ཞིབ་བྱེད་པ། “1+1>2”གྱི་མཐུན་སྦྱོར་རོགས་སྐྱོབ་ཀྱི་ནུས་པ་འདོན་པ་བཅས་བྱས་ཏེ། སྟབས་བདེ་དང་། ནུས་ཆེ། ཆེད་ལས་བཅས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་ཐུན་མོང་དུ་འཛུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།