ཕྱོགས་མི་ཏང་ཡོན་ལ“ཁྱིམ་གཞིས”ཡོད་པ་དང“བྱས་རྗེས”འཇོག་རྒྱུ་ཡོད་པར་བྱས་པ།
རང་ལྗོངས་ཀྱིས་ཕྱོགས་མི་ཏང་ཡོན་གྱི་དོ་དམ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ལེགས་སུ་བཏང་བ།
ལྗོངས་ཡོངས་ཀྱི་ཏང་ཀྲི་པུའུ་ཁྲི་2.2རྒྱལ་ཡོངས་ཀྱི་ཏང་ཡོན་དོ་དམ་ཆ་འཕྲིན་མ་ལག་གི་ཕྱོགས་མི་ཏང་ཡོན་དོ་དམ་གྱི་མ་ལག་དང་ཁྱོན་ཡོངས་ནས་འབྲེལ་མཐུད་བྱས་ཏེ། མ་ལག་གི་སྔོན་ཚུད་ཉེན་བརྡ་དང་ལྟ་སྐུལ་བྱེད་ནུས་བརྒྱུད་ཚུར་སླེབས་པ་དང་ཕྱིར་ཐོན་པའི་ཏང་ཡོན་གྱི་གཞི་རྩའི་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་སྟབས་བསྟུན་གསར་བརྗེས་བྱས་ཏེ་ཕྱོགས་མི་ཏང་ཡོན་གྱི་ཆ་འཕྲིན་ཆ་ཚང་ལ་ཡང་དག་པ་ཡོང་ཐབས་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་མི་འབོར་སྐོར་སྐྱོད་བྱེད་མགྱོགས་སུ་འགྲོ་བ་དང་བསྟུན་ནས། ཕྱོགས་མི་ཏང་ཡོན་ལ་དོ་དམ་བྱ་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། རང་ལྗོངས་ཀྱིས་ཕྱོགས་མི་ཏང་ཡོན་གྱི་སློབ་གསོ་དོ་དམ་དང་ཞབས་ཞུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཇུས་འགོད་ཞིབ་ཚགས་དང་། གཞི་རྟེན་གསར་གཏོད། མཐུན་སྦྱོར་སྐུལ་སྤེལ་བཅས་བྱས་ནས། གནད་ལ་འཁེལ་བའི་མཐིལ་བཤེར་དང་། སྟབས་བསྟུན་དོ་དམ། ཕྱོགས་གཉིས་མཉམ་འཛིན། ཞབས་ཞུ་ལེགས་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱོགས་མི་ཏང་ཡོན་གྱི་དོ་དམ་སྔར་བས་ཚད་ལྡན་དང་ཞིབ་ཚགས་ཡོང་བར་སྐུལ་འདེད་བཏང་ནས། ཏང་ཡོན“སྐོར་སྐྱོད་བྱེད་པ་ལས་ཉུང་དུ་མི་འགྲོ་བ་དང་། ཕ་ཡུལ་དང་བྲལ་བ་ལས་ཏང་དང་མི་བྲལ་བར”འགན་ལེན་བྱས་པས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི“གསར་བརྗེའི་སྟོབས་ཤུགས་གསར་པར”གྱུར་པ་རེད།
འགན་འཁྲི་ཁ་གསལ་གྱི་ལས་ཀའི་མ་ལག་བཙུགས་པ།
ཕྱོགས་མི་ཏང་ཡོན་ལ་དོ་དམ་བྱ་རྒྱུ་ནི་མ་ལག་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས་རྩེ་རིམ་ཇུས་འགོད་བརྒྱུད་འགན་འཁྲི་ནན་དཀྲི་དང་ཐོན་ཁུངས་བསྡུ་སྒྲིལ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཀྲུང་དབྱང་གཞུང་དོན་ཁང་གིས་བཀྲམ་པའི《ཕྱོགས་མི་ཏང་ཡོན་གྱི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་ལག་བསྟར་བརྡ་ཐོ་བཀྲམ་ནས། ཕྱོགས་མི་ཏང་ཡོན་གྱི་སློབ་གསོ་དོ་དམ་དེ་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་དུ་བརྩིས་ཏེ། ལྗོངས་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་སྐུལ་འདེད་ཚོགས་འདུའི་ཐོག་ཆེད་མངགས་བཀོད་སྒྲིག་བྱས་ནས། རིམ་ཁག་ཏང་རྩ་འཛུགས་ཀྱི་ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་པར“རང་སྐྱོང་ལྗོངས་ཀྱིས་སྤྱི་འདོམས་བྱེད་པ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ལས་རིགས་མཛུབ་ཁྲིད་བྱེད་པ། རྫོང་རིམ་པས་སྒྲིག་འཛུགས་ལག་བསྟར་བྱེད་པ། གཞི་རིམ་ཏང་ཀྲི་པུས་དོན་འཁྱོལ་བྱེད་པ”བཅས་ཀྱི་ལས་ཀའི་རྣམ་པ་ཆགས་ཡོད། 《ཕྱོགས་མི་ཏང་ཡོན་ཐོ་འགོད་དང་བསྡུ་ལེན་ལས་དོན་གཅིག་བསྡུས་ངང་སྤེལ་བའི་ལག་བསྟར་ཇུས་གཞི》བཟོས་ནས་ཕྱོགས་མི་ཏང་ཡོན་གྱི་ངེས་གཏན་གྱི་ཚད་གཞི་དང་། དུས་ཚོད་ཀྱི་མཚམས་ཚིགས། ལས་ཀའི་བླང་བྱ། ཕྱིར་འགྲོ་ས་དང་ཚུར་སླེབས་ཡུལ་གྱི་ལས་ཀའི་འགན་འཁྲི་བཅས་ཁ་གསལ་བཟོས་ཡོད། རྒྱལ་ཡོངས་ཏང་ཡོན་དོ་དམ་ཆ་འཕྲིན་མ་ལག་ལ་བརྟེན་ནས། ཆ་འཕྲིན་ཞིབ་བཤེར་དང་། འབྲེལ་བ་སྤོ་སྒྱུར། སློབ་གསོ་དོ་དམ་བཅས“མཉམ་སྤེལ་གསུམ”གྱི་བྱ་སྤྱོད་སྤེལ་བ་དང་འབྲེལ།“གཟའ་འཁོར་རེར་བཀོད་གཏོང་དང་ཟླ་བ་རེར་བརྡ་ཁྱབ་གཏོང་བའི”ལྟ་སྐུལ་ལམ་སྲོལ་བཙུགས་ཏེ་ཁ་པར་ཐོག་ནས་སྒྲུབ་སྐུལ་དང་གཙོ་གནད་སྐོང་འདྲི་སོགས་ཀྱི་བྱ་ཐབས་བརྒྱུད་འགན་འཁྲི་ནན་དཀྲི་བྱས་པ་རེད།
སྟབས་བསྟུན་གསར་བརྗེས་ཀྱི་ཆ་འཕྲིན་རྩིས་ཁྲ་བཙུགས་པ།
དྲ་མིག་ཅན་གྱི་གྲལ་བཤེར་བྱས་ནས་ཆ་འཕྲིན་དྲ་རྒྱ་ཚགས་དམ་དུ་བཏང་ཞིང་། “གྲོང་ཚོའི(སྡེ་ཁུལ)དྲ་རྒྱ་དང་། ཤང་གྲོང་ཁྲོམ་གཞུང་། རྫོང་རིམ་པའི་རྩ་འཛུགས་སྡེ་ཚན”གྱི་རིམ་གསུམ་ཞིབ་བཤེར་མ་ལག་བཙུགས་པ་དང་། རིམ་མཚུངས་ངང་སྤྱི་བདེ་དང་། མི་སྤྱི། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་འགུལ་བྱས་ཏེ། ཕྱོགས་མི་ཐོ་འགོད་དང་གནས་སྡོད་ལག་ཁྱེར་གཉེར་བ་སོགས་ཀྱི་ལྷུ་ཚིགས་སུ་ཏང་ཡོན་གྱི་ཐོབ་ཐང་ཞིབ་བཤེར་བྱེད་པའི་གོ་རིམ་མང་དུ་བཏང་ཡོད།
ལྗོངས་ཡོངས་ཀྱི་ཏང་ཀྲི་པུའུ་ཁྲི་2.2རྒྱལ་ཡོངས་ཀྱི་ཏང་ཡོན་དོ་དམ་ཆ་འཕྲིན་མ་ལག་གི་ཕྱོགས་མི་ཏང་ཡོན་དོ་དམ་གྱི་མ་ལག་དང་ཁྱོན་ཡོངས་ནས་འབྲེལ་མཐུད་བྱས་ཏེ། མ་ལག་གི་སྔོན་ཚུད་ཉེན་བརྡ་དང་ལྟ་སྐུལ་བྱེད་ནུས་བརྒྱུད་ཚུར་སླེབས་པ་དང་ཕྱིར་ཐོན་པའི་ཏང་ཡོན་གྱི་གཞི་རྩའི་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་སྟབས་བསྟུན་གསར་བརྗེས་བྱས་ཏེ་ཕྱོགས་མི་ཏང་ཡོན་གྱི་ཆ་འཕྲིན་ཆ་ཚང་ལ་ཡང་དག་པ་ཡོང་ཐབས་བྱས་ཡོད།
རང་ལྗོངས་ཀྱིས་ཕྱོགས་མི་ཏང་ཡོན་གྱི་ལས་ཀའི་ཁྱད་ཆོས་ལ་གཞིགས་ནས“དོ་དམ་རིགས་བཞིའི”རྣམ་པ་བཙུགས་པ་སྟེ། ལས་ཞུགས་བརྟན་པོ་ཡོད་མཁན་ལ་རྩ་འཛུགས་ཀྱི་འབྲེལ་བ་སྒྱུར་དགོས་རིགས་སྒྱུར་གང་ཐུབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བབ་བསྟུན་ལས་ཞུགས་བྱེད་མཁན་གྱི་ཚོགས་སྤྱི“བྱེད་ནུས་རྣམ་པའི་ཏང་ཀྲི་པུའུ”ཡི་ནང་དུ་འཇུག་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཕྱོཌ་མི་ཏང་ཡོན་ལ“དོ་དམ་ཉིས་བརྩེགས”ལག་བསྟར་བྱེད་པ། འབྲེལ་བ་ཆད་པའི་ཏང་ཡོན་ལ་ཡིག་ཚགས་བཟོས་ནས་ཆེད་དོན་རྗེས་སྙེག་བྱེད་པ་བཅས་རེད།
སློབ་གསོའི་ཞབས་ཞུ་ཡོངས་སུ་ཁྱབ་པ་བྱས་པ།
རང་ལྗོངས་ཀྱིས་ཕྱོགས་མི་ཏང་ཡོན་གྱི་ལས་ཀ་དང་སློབ་སྦྱོང་གི་འགལ་ཟླར་དམིགས་ནས་དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་སྦྱོང་བའི་མ་ལག་བཏོད་པ་སྟེ། དྲ་ཐོག་ནས་ཕྱོགས་མི་ཏང་ཡོན་གྱིས་ལས་ཀའི་བར་གསེང་དང་ལས་ཀར་སྐྱོད་པའི་ལམ་བར་སོགས་ཀྱི་ཁོམ་པ་སྤྱད་ནས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ། དྲ་ཕྱི་ནས་ཕྱོགས་མི་ཏང་ཡོན་གཅིག་སྡུད་ཁུལ་དུ“ཕྱོགས་མི་ཏང་ཡོན་གྱི་ཁྱིམ་གཞིས”དང་ཕྱོགས་མི་ཏང་ཀྲི་པུའུ་སོགས་བཙུགས་ནས“ལས་ཀའི་གོང་གི་སྐར་མ་བཅོ་ལྔ”དང“ཕ་ཡུལ་དུ་ཕྱིར་ལོག་པའི་བཞུགས་མོལ”སོགས་ཀྱི་བྱེད་སྒོ་སྤེལ་ནས་ཏང་ཡོན་ཚོ་སློབ་སྦྱོང་གི་བྱེད་སྒོ་སྣ་ཚོགས་ནང་སྟབས་བསྟུན་ངང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།
རང་ལྗོངས་ཀྱིས་ས་གནས་ཁག་དང་ལས་རིགས་ཁག་ལ་སྤྱི་པའི་ཞབས་ཞུ་དང་། ཏང་འཛུགས་སྐྱོང་ཞབས་ཞུ། འཚོ་བའི་ཞབས་ཞུ་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པར་མཛུབ་ཁྲིད་བྱས་ཏེ། “ཕྱོགས་གཉིས་ཞབས་ཞུའི་གསལ་ཐོ”བཟོས་ནས་ཕྱོགས་མི་ཏང་ཡོན་གྱི་སེམས་ཁྲལ་དང་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཡོད། ཕྱིར་འགྲོ་སའི་ཏང་རྩ་འཛུགས་ཀྱིས་ཁྱིམ་ཚང་གི་ཁོངས་མིར་གཅེས་སྐྱོང་དང་ས་ཞིང་བརྒྱུད་བཤུག་ཚབ་ཏུ་སྒྲུབ་རོགས་སོགས་ཀྱི་ཞབས་འདེགས་ཞུ་བ་དང་། ཚུར་སླེབས་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་ལས་ཞུགས་མཛུབ་ཁྲིད་དང་། བཅའ་ཁྲིམས་བློ་འདྲི། བུ་ཕྲུག་ཚབ་ཉར་སོགས“གཞིས་ཆགས་ཀྱི་ཞབས་ཞུ་སྤེལ་མ”ཁྱབ་གདལ་བཏང་སྟེ་ཏང་ཡོན་གྱི་སེམས་སུ་རྩ་འཛུགས་ཀྱི་གཅེས་སྐྱོང་ཚོར་ཐུབ་ཐབས་ཏན་ཏིག་བྱས་པ་རེད།
རང་ལྗོངས་ཀྱིས་ཕྱོགས་མི་ཏང་ཡོན་གྱི“ལས་གནས་དང་འགན་འཁྲི་གཏན་འཁེལ”གྱི་ལམ་སྲོལ་ཁྱབ་སྤེལ་བཏང་ནས་ཏང་ཡོན་རྣམས་ཀྱིས་བདེ་འཇགས་ཀྱི་གཞོགས་འདེགས་དོ་དམ་པ་དང་། འགལ་ཟླ་འདུམ་འགྲིག་པ། དམངས་འཚོའི་ཞབས་ཞུ་བ། སྲིད་ཇུས་དྲིལ་བསྒྲགས་པ་སོགས་ཡག་པོ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་པ་རེད།