གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་ཏང་འཛུགས་སྐྱོང་གིས་མྱུར་སྐྱེལ་གྲོང་ཚོར་སྐྱེལ་བའི་བྱེད་ཐབས་གསར་གཏོད་དང་ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱས་པ།
ད་ལོ་ཚུན། ཁང་དམར་རྫོང་གིས“ཇོ་རིའི་སྣེ་ཁྲིད། གསར་བརྗེའི་ཁང་དམར”ཞེས་པའི་ཏང་འཛུགས་སྐྱོང་སྤུས་རྟགས་སྣེ་ཁྲིད་དུ་བྱས་ཏེ“ཏང་དམངས་མཉམ་སྐྲུན་དང་། སྦྲག་སྐྱེལ་མཉམ་ལས། མཉམ་བཅོས་མཉམ་རོལ”བཅས་ཀྱི་མྱུར་སྐྱེལ་གྲོང་ཚོར་སྐྱེལ་བའི་བྱེད་ཐབས་གསར་གཏོད་དང་ལག་བསྟར་བྱས་པར་བརྟེན། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་49ལ་མྱུར་སྐྱེལ་ཞབས་ཞུ་ཁྱབ་སྟེ“སྐར་མ་15ཡི་དམངས་བདེའི་བདེ་སྐྱིད་འཚོ་བའི་ཁུལ”བདེ་བླག་ངང་བསྐྲུན་ཡོད།
ཁང་དམར་རྫོང་གིས་རྫོང་ཁོངས་ཀྱི་གྲོང་ཚོ་ཁག་ཁ་ཐོར་དུ་གནས་པ་དང་མྱུར་སྐྱེལ་སྡེབ་སྐྱེལ་གྱི་མ་གནས་མཐོ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ“སྦྲག་སྐྱེལ་མཉམ་ལས”ཀྱི་ལམ་སྲོལ་བཙུཌ་ནས། མྱུར་སྐྱེལ་ཀུང་སི་8དང་སྦྲག་སྲིད་དབར་མཉམ་ལས་ཀྱི་གྲོས་མཐུན་འཇོག་རྒྱུར་མཐུན་སྦྱོར་བྱས་ཡོད། སྦྲག་སྲིད་ཀྱིས་གཅིག་གྱུར་སྡེབ་སྐྱེལ་བྱས་པ་བརྒྱུད་རྫོང་དང་གྲོང་ཚོར་ཐད་ཀར་འབྱོར་སྟེ་ཟོག་འགྲེམས་མ་གནས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་4.5དམའ་རུ་ཕྱིན་ཡོད། མིག་སྔར། རྫོང་ཡོངས་སུ་ཉིན་རེར་ཆ་སྙོམས་མྱུར་སྐྱེལ་དངོས་པོ་500ལྷག་ཙམ་བསྐྱལ་ཏེ་མང་ཚོགས་ཁྲི་2.3ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། མྱུར་སྐྱེལ་ཞབས་ཞུའི་གཞི་རིམ་བཅོས་སྐྱོང་མ་ལག་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་49རུ་མྱུར་སྐྱེལ་ཆེད་ཁུལ་བཙུགས་ནས་དྲ་མིག་པ་དང་ཏང་ཡོན་དང་བླངས་པ་90ལྷག་ཙམ་གྱིས“གྲོང་ཚོ་རིམ་པའི་གཏོང་ལེན་པའི”འགན་གཅིག་ལྕོགས་འཁུར་རྒྱུར་སྐུལ་སློང་བྱས་པ་མ་ཟད། “མྱུར་སྐྱེལ་པའི་ཁྱིམ་ཚང”17བཙུགས་ནས་ལས་ཞུགས་ཚོགས་སྤྱི་གསར་པར་ཞབས་ཞུ་མཁོ་འདོན་བྱས་ཡོད།
དེ་དང་ཆབས་ཅིག ཁང་དམར་རྫོང་གིས་མྱུར་སྐྱེལ་བསྐུར་མ་ཚབ་སྐུར་ཞབས་ཞུ་དང་ས་གནས་དེ་གའི“དྲ་ཐོག་གྲཌ་ཅན”གསོ་སྐྱོང་ལས་དོན་ཟུང་འབྲེལ་བྱས་ཏེ། “མྱུར་སྐྱེལ་དང་། དྲ་ཚོང་། ཞིང་ལས”བཅས་ཟུང་དུ་འབྲེལ་བའི་ཞབས་ཞུའི་འཁོར་འབྲེལ་མུ་མཐུད་ལེགས་སུ་བཏང་ནས་ས་གནས་དེ་གའི་དྲ་ཚོང་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱས་ཡོད། ཁང་དམར་རྫོང་ཁང་དམར་གྲོང་རྡལ་བདེ་སྐྱིད་གླིང་གྲོང་ཚོའི“ཞིང་འབྲོག་པའི”ཞིང་ལས་དམིགས་བསལ་ཐོན་རྫས་འགྲེམས་ཚོང་ཐད་གཏོང་ཁང་སྤྱོད་འགོ་ཚུགས་ཚུན་བྲིན་ཚོང་དངུལ་འབོར་སྒོར་ཁྲི་19ཟིན་ཡོད། སེ་འབྲུའི་རྡོག་པོའི་གསར་བརྗེའི་ས་ཚིགས་16ལ་དམིགས་བསལ་ཐོན་རྫས་ཕྱིར་ཚོང་ས་ཚིགས་མང་དུ་བཏང་ནས“མྱུར་སྐྱེལ་གཤམ་སྐྱེལ”དང“དམིགས་བསལ་ཐོན་རྫས་གྲོང་ཁྱེར་དུ་ཕྱིར་ཚོང”གི་བྱེད་ཐབས་ལག་བསྟར་བྱས་པར་བརྟེན་ཁྱད་ལྡན་ཞིང་ལས་ཐོན་རྫས་བྲིན་ཚོང་བསྡོམས་འབོར་དུས་མཚུངས་ལས་20%འཕར་བ་རེད།