དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྒོང་རི་ཤང་ལས་ཁུངས་ཏང་ཀྲི་པུས“དབྱར་རྩྭ་དགུན་འབུ་རྐོ་བའི་ཞབས་ཞུ་དོ་དམ”དང་ཏང་ཡོན་གྱི“འབྱོར་ཐོ་ཉིས་འགོད”ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    ཉེ་ཆར། སྒོང་རི་ཤང་ལས་ཁུངས་ཏང་ཀྲི་པུས་དབྱར་རྩྭ་དགུན་འབུ་རྐོ་བའི་ཞབས་ཞུ་དོ་དམ་དང་ཏང་ཡོན་གྱི“འབྱོར་ཐོ་ཉིས་འགོད”ཀྱི་བྱེད་སྒོ་སྤེལ་བ་རེད། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་སོགས་ཤང་ཏང་ཨུད་ཀྱི་ཚན་ཁག་ཁོངས་མིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོ་སྤེལ་རིང་། སྒོང་རི་ཤང་ལས་ཁུངས་ཏང་ཀྲི་པུས་གཙོ་གནད་ལས་འགན་ཆེན་པོ་གསུམ་ལ་དམིགས་ཏེ། ཞབས་ཞུ་དོ་དམ་ལ་དམ་འཛིན་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་པ་དང་། བདེ་འཇགས་འགན་སྲུང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། ལས་འཛོལ་སྔོན་འགོག་གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་དེར་ཏང་ཡོན་གྱི“འབྱོར་ཐོ་ཉིས་འགོད”དམ་འཛིན་བྱ་གཞིར་བྱས་ནས། ཏང་འཛུགས་སྐྱོང་གི་ལས་དོན་དང་དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་དབར་མཉམ་འདྲེས་གཏིང་ཟབ་བྱས་ཏེ། 2025ལོའི་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།