“གླེང་མོལ·གྲོགས་མཆོག”ཅེས་པའི་ཤེས་དཔལ་གླེང་མོལ་རྒྱལ་སྤྱིའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ལོ་སིར་གཉེར་བ།
ཤེས་དཔལ་གླེང་མོལ་རྒྱལ་སྤྱིའི་ཉིན་མོ་ཐོག་མར་རྟེན་འབྲེལ་ཞུ་ཆེད། ཀྲུང་གོ་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ལོ་སི་ཀྲུང་གོ་རིག་གནས་ལྟེ་གནས་དང་། ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ལོ་སི་རྒྱལ་བཙུགས་སྒྱུ་རྩལ་སློབ་གླིང་བཅས་ཀྱིས་གཉེར་འགན་ཁུར་བའི“གླེང་མོལ·གྲོགས་མཆོག”ཅེས་པའི་སྒྱུ་རྩལ་གསོ་སྦྱོང་རོལ་དབྱངས་འདུ་ཚོགས་ཚེས་13ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་དུ་གཉེར་བ་རེད།
འདི་ནི་ཟླ་6ཚེས་13ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་དུ་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས“གླེང་མོལ·གྲོགས་མཆོག”ཅེས་པའི་སྒྱུ་རྩལ་གསོ་སྦྱོང་རོལ་དབྱངས་འདུ་ཚོགས་སྐབས་སུ་འཁྲབ་སྟོན་བྱེད་བཞིན་པ།