དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་བའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཁྲང་ཧྲར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-06-17

    ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་བའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཧུའུ་ནན་ཁྲང་ཧྲ་རུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཁོང་ཀོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཅཱ་ཁོ་སུའོ་ཡིས་ཙུང་ཐུང་སཱ་སུའུ་ཡི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། གླེང་སྟེགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་པུའུ་རིམ་པའི་དཔོན་རིགས་100ལྷག་ཙམ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཐུས་མི། ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་དབྱི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ཀྱི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་གཏིང་ཟབ་གནང་ནས་ཀྲུང་གོས་ཨ་ཧྥེ་རི་ཁར་སྒོ་དབྱེ་མཉམ་ལས་དེ་བས་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཁྱབ་བསྒྲགས་གནང་སྟེ། ཀྲུང་ཧྥེ་ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མཛུབ་ཁྲིད་གལ་ཆེན་གནང་ཡོད། ན་ནིང་གི་ཟླ་9པར་གླེང་སྟེགས་ཀྱིས་པེ་ཅིང་དབུ་ཚོགས་འཚོགས་ནས་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་རྒྱང་ལམ་གསར་པ་གཏོད་ཡོད། ཀྲུང་ཧྥེ་ཕྱོགས་གཉིས་པོས་དབུ་ཚོགས་ཀྱི་ཐུན་མོང་ངོས་འཛིན་ལ་གཞིགས་ནས“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་ཧུར་ཐག་བྱས་པར་དགའ་འོས་པའི་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས།

    ཅཱ་ཁོ་སུའོ་ཡིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུར”སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་མ་ཟད། ཀྲུང་ཧྥེའི་2035ལོའི་མཉམ་ལས་མདུན་ལྗོངས་ལ་རྒྱབ་སྐྱོར་དང་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་སྒོ་ཁྲལ་རང་དགར་བསྡུ་བ་དང་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་ཡིན། ཧྥེ་ཀྲུང་མཉམ་ལས་ཁྲི་ལོར་བརྟན་པར་ཤོག ཧྥེ་ཀྲུང་མཐུན་སྒྲིལ་ཁྲི་ལོར་བརྟན་པར་ཤོག་ཅེས་གསུངས།

    ཚོགས་འདུའི་ཐོག《ཀྲུང་ཧྥེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་སྲུང་སྐྱོང་གི་ཁྲང་ཧྲའི་བསྒྲགས་གཏམ》སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།