ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་བཞི་པས་སྤྱི་དམངས་ལ་སྒོ་མོ་ཕྱེ་བ།
ཟླ་6ཚེས་12ནས་15ཉིན་བར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཧུའུ་ནན་ཁྲང་ཧྲ་རུ་གཉེར་ཞིང་། དེའི་རིང་གི་ཟླ་6ཚེས་13ནས་ཟླ་6ཚེས་15ཉིན་བར་གྱི་དུས་ཡུན་ཉིན་གསུམ་རིང་སྤྱི་དམངས་ལ་སྒོ་མོ་ཕྱེ་ནས་ལྟད་མོ་བ་མང་པོ་བསུས་པ་རེད།
འདི་ནི་ཁྲང་ཧྲ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་ཕྱི་རྒྱལ་གྱི་ལྟད་མོ་བས་ཀྲུང་གོས་བཟོས་པའི་རླངས་འཁོར་གྱི་མདུན་དུ་པར་རྒྱག་བཞིན་པ།