དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་དྲང་ནུས་དེ་བས་མང་བ་སྣོན་པ།

    —— ཨེ་ཤེ་ཡ་དབུས་མའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུར་རེ་སྒུག་ཆེན་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-17

    ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་6ཚེས་16ནས་18ཉིན་བར་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་རེད། དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ་འཚོགས་ཐེངས་དང་པོ་ཡིན་པ་རེད།

    ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ལས་རིགས་ཁག་གི་མི་སྣས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དབུས་མར་ཕེབས་ནས་ཐེངས་འདིའི་དབུ་ཚོགས་ལ་ཞུགས་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་བཤད། 2023ལོའི་ཟླ་5པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་གཙོ་སྐྱོང་གནང་བས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་དུས་རབས་གསར་པར་སླེབས་ཡོད། ཤིས་ཨན་ནས་ཨ་སི་ཐ་ན་བར་རྒྱལ་ཁབ་དྲུག་གི་འགོ་ཁྲིད་པ་སླར་ཡང་མཉམ་འཛོམས་ཀྱིས་སྲོལ་རྒྱུན་མཛའ་མཐུན་མཉམ་གླེང་དང་འབྱུང་འགྱུར་འཕེལ་རྒྱས་འཆར་གཞི་མཉམ་དུ་བཀོད་དེ། ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་སྤུས་ལེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོཌ་པ་འཛུཌ་ཆེད་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་ཡིན་པ་རེད།

    “ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ”

    ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་གནང་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། སྒྲོམ་གཞིའི་ནང་གི་གཉིས་ཕན་མཉམ་ལས། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་སོགས་ལ་དམིགས་ནས་བསམ་འཆར་བརྗེ་རེས་གནང་རྒྱུ་མ་ཟད་ལྷན་དུ་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་རེད། རྒྱལ་ཁབ་དྲུག་གི་འགོ་ཁྲིད་པས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་གནང་རྒྱུ་ཡིན་པ་རེད།

    “ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་དུ་ཕེབས་ནས་སྐབས་འདིའི་དབུ་ཚོགས་ནང་ཞུགས་རྒྱུ་ཡིན་པར། ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད” ཧ་སག་སི་ཐན་གྱི“ཡོ་རོབ་དང་ཨེ་ཤེ་ཡའི་ལྟ་ཞིབ་ཚད་ལེན”དབྱེ་ཞིབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨཱ་ལི་པེ་ཁེ·ཐཱ་རི་པཱ་ཡེ་ཧྥུའུ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་ལས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཟབ་ཏུ་ཕྱིན་ནས། ས་ཁུལ་གྱི་དངོས་སྒྲུབ་མཉམ་ལས་ལ་ནང་དོན་གསར་པ་སྣོན་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    ཐ་ཅི་ཁེ་སི་ཐན་གྱི“ཨཱ་སར”ཨེ་ཤེ་ཡ་དབུས་མའི་གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ནུའུ་ཤེར་ཧྥེང·ལཱ་སུའུ་ལུའོ་ཧྥུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་དུ་སྐབས་འདིའི་དབུ་ཚོགས་ལ་ཞུགས་པ་ལས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཟོལ་མེད་ཀྱི་འདུན་པ་མཚོན་པ་དང་། དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གཙོ་བདག་གི་ཐུག་འཕྲད་ལམ་སྲོལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་རེད། རྒྱལ་ཁབ་དྲུག་གིས་ལག་གདང་སྦྲེལ་ནས་སྲོལ་རྒྱུན་གྱི་མཛའ་མཐུན་བརྟན་དུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་གཞག་ཐད་གྲུབ་འབྲས་གསར་པ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཁཱ་ན་དབྱི་མུའུ·པཱ་ཁེ་ཐེ་ཀུའུ་ལུའོ་ཝ་ཡིས། རྒྱལ་ཁབ་དྲུག་གི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། བདེ་འཇགས་མཉམ་ལས། མ་འཇོག་ཚོང་དོན། ཕན་ཚུན་སྦྲེལ་མཐུད་སོགས་ཐད་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་དྲུག་གིས་ལག་གདང་སྦྲེལ་ཏེ་བརྟན་པོའི་ངང་མདུན་དུ་བསྐྱོད་དེ་ཕན་ཚུན་བརྩི་བཀུར་དང་། སྒོ་དབྱེ་བསྟུན་མཁས། ཐུན་མོང་འཕེལ་རྒྱས་བཅས་བྱས་ནས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བསུ་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།

    “རྒྱལ་ཁབ་ཁག་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ”

    གཙོ་བདག་གི་ཕྱི་འབྲེལ་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་བྱུང་ནས། ས་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་ཏེ། རྒྱལ་ཁབ་ཁག་གི་མི་སེར་ལ་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་དང་ཕན་པ་བསྐྲུན་ཡོད་པ་རེད།

    “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད” ཀྲུང་ཧའི་རང་བྱུང་སོལ་རླངས་སྦུག་ལམ་གྱི་མ་རྩ་མཉམ་འཇོག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་ཁའེ་དབྱི་པོ་ཧྥུའུ·ཡེར་ཤིས་ཐེ་ཡིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་མཉམ་ལས་སྔར་བས་དམ་ཟབ་བྱུང་ཡོད། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ཀྲུང་ཧའི་རང་བྱུང་སོལ་རླངས་སྦུག་ལམ་རྣམ་གྲངས་ཀྱིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་དུ་ཕེབས་ནས་སྐབས་འདིའི་དབུ་ཚོགས་ནང་ཞུགས་པ་ལས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བར་གོ་སྐབས་གསར་པ་སྤྲོད་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    ཨུ་ཟ་བྷེ་ཁི་སི་ཐན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དམངས་ཁྲོད་ཕྱི་འབྲེལ་ལྟེ་གནས་ཀྱི་ཀྲུའུ་རེན་ས་པི་ལུའོ་ཧྥུའུ་ཡིས། འཚོག་ཉེར་ཡོད་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་ཡུན་རིང་གཉིས་ཕན་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད། མཉམ་ལས་དེ་རིགས་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་བཙུགས་པ་ཡིན་པས། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བརྗོད།

    “སྐབས་འདིའི་དབུ་ཚོགས་ཀྱིས་ས་ཁུལ་དབར་གྱི་གླེང་མོལ་སྔར་བས་ཟབ་ཏུ་དང་སྣ་མང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད” ཧ་སག་སི་ཐན་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་ཞིབ་འཇུག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁོ་རི་ལུའོ་ཝ་ཡིས། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། བདེ་འཇགས། ཚོང་དོན་སོགས་ཁྱབ་ཁོངས་སུ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སྐབས་འདིའི་དབུ་ཚོགས་ཀྱིས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་སྤུས་ལེགས་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    “ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མདུན་ལམ་ལ་མི་རྣམས་ཀྱིས་རེ་སྒུག་བྱེད་པ”

    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ནི་འཕེལ་རྒྱས་དར་རྒྱས་ལམ་བུའི་ཐོག་གི་ལམ་འགྲོགས་པ་ཡིན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའི་ཕྱི་ཕྱོགས་སྲིད་ཇུས་ཞིབ་འཇུག་དང་རྒྱལ་སྤྱིའི་གྲོས་འགོ་ལྟེ་གནས་ཀྱི་ཀྲུའུ་རེན་ཝ་ལི་ཡེ་ཧྥུའུ་ཡིས། དེང་གི་འཛམ་གླིང་ལ་ས་འབྲེལ་ཆབ་སྲིད་ཀྱི་གདོང་ཐུག་སོགས་བརྟན་ལྷིང་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་པས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་ལས་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་བྱུང་ཡོད་ཅེས་བརྗོད།

    “ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོ་ས་འབྲེལ་ཡིན་པ་མ་ཟད། ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་བར་མཉམ་དུ་གཞོལ་བཞིན་ཡོད” ཧ་སག་སི་ཐན་ཨེ་ཤེ་ཡ་ཚོང་དོན་རིག་གནས་ཡར་སྐུལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་དྲུང་ཆེ་ཧ་ན་ཐེ·ཐོ་ཁ་པ་ཡེ་ཧྥུའུ་ཡིས། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་རྙོག་འཛིང་ཆེ་བས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འཚོག་ཉེར་ཡོད་པའི་དབུ་ཚོགས་དེ་ཕྱོགས་མང་མཉམ་ལས་བརྟན་དུ་གཏོང་བ་དང་ས་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ཚད་རྡོ་རིང་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་14ཉིན་འབྱོར་བའི་གློག་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།