རྒྱལ་ཡོངས་སུ་དབྱར་འབྲུ་མུའུ་དུང་ཕྱུར་2.7བཏབ་པ།
ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་ཀྱི་གནས་ཚུལ་བཀོད་གཏོང་ལས་མངོན་པར། མིག་སྔར་རྒྱལ་ཡོངས་སུ་དབྱར་འབྲུ་ཕྱེད་ཀ་ལྷག་ཙམ་བཏབ་ཟིན་པ་དང་འདེབས་འཛུགས་མྱུར་ཚད་སྔོན་ཆད་ཀྱི་ལོ་ལས་མགྱོགས་པ་ཡོད། ཟླ་6ཚེས་13ཉིན་བར། རྒྱལ་ཡོངས་སུ་དབྱར་འབྲུ་མུའུ་དུང་ཕྱུར་2.7བཏབ་པ་དེ་གཙོ་བོ་ལྷོ་ཕྱོགས་ཀྱི་བར་སྨིན་དང་ཕྱི་སྨིན་འབྲས་དང་། དབྱར་དུས་ཀྱི་ཨ་ཤོམ། དབྱར་དུས་ཀྱི་སྲན་ཆེན་སོགས་ཡིན་པ་རེད།
འདི་ནི་ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་ཁྲེན་པའོ་གྲོང་རྡལ་ཅང་ཀྲོང་གྲོང་ཚོར་ཞིང་པས་ཞིང་ནང་དུ་འབྲས་མྱུག་འཛུགས་བཞིན་པ།