རིག་གནས་སྤེལ་རེས་ལེགས་པར་བྱས། ཀོང་པོའི་ཉམས་འགྱུར་ཡོངས་སུ་མངོན།
འདི་ནི་ཀྲུང་ཧྲན་གྱི་གྲོང་མིས་པར་རྒྱག་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ཀྲུང་ཧྲན་དེང་རབས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་པར་རྒྱག་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། “ཀོང་ཏུང་དང་བོད་ལྗོངས་སེམས་པ་གཅིག་མཐུན་གྱིས་ལ་ཀླུང་བརྒལ་ནས་མཉམ་དུ་འགྲོགས”—ཀོང་ཏུང་ཀྲུང་ཧྲན་གྲོང་ཁྱེར་དང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་པར་རྒྱག་བརྩམས་ཆོས་འགྲེམས་སྟོན་དེ་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིཌ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་མཁས་ཅན་གྱི་བྱེད་སྒོ་ལྟེ་གནས་སུ་གཉེར་བ་དང་། བྱེད་སྒོའི་སྐབས་རིག་གནས་ཀྱི“སེམས་མཐུན་སྦྲེལ་ཟམ”བཙུགས་ནས་ས་གནས་གཉིས་པོའི་རིག་གནས་ལ་སྤེལ་རེས་མྱོང་ལེན་བྱེད་རིང་བཀྲག་མདངས་གསར་པ་འཚེར་བར་སྐུལ་འདེད་གཏོང་བར་ཤུགས་རྒྱག་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་པར་རྒྱག་བརྩམས་ཆོས་འགྲེམས་སྟོན་དེ་ཟླ་བ་བདུན་པའི་ཚེས་དྲུག་ཉིན་བར་གཉེར་རྒྱུ་རེད།