དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་18.6ཟིན་ནས་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-17

    གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་18.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་7.3%འཕར་ནས། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེའི་ཁྲོད་རྒྱལ་ཡོངས་ལྕགས་ལམ་གྱིས་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི་766.5སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་29%འཕར་ཡོད་པ་རེད།

    “ལྔ་གཅིག”གུང་གསེང་རིང་གི་འགྲུལ་རྒྱུན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཐེངས་་11243བཏང་བ་དེ་དུས་མཚུངས་ལས་7.5%འཕར་ཡོད། དེའི་ཁྲོད་ཟླ་5ཚེས་1ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་མེ་འཁོར་ཐེངས་13752བཏང་ནས་་འགྲུལ་པ་མི་ཐེངས་ཁྲི་2311.9སྐྱེལ་འདྲེན་བྱས་ཤིང་། དེས་ཉིན་གཅིག་ནང་འགྲུལ་སྐྱེལ་མེ་འཁོར་གཏོང་ཚད་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    ཡུལ་སྐོར་མེ་འཁོར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་630བཏང་བ་དེ་དུས་མཚུངས་ལས་20.2%འཕར་ཡོད་པ་རེད།

    རྒྱལ་སྒྲོལ་སྐྱེལ་འདྲེན་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཤང་ཀང་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་1257.9སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་16.7%འཕར་ཡོད། ཀྲུང་ལོ་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་12.4སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་24.2%འཕར་ཡོད། དེ་དང་ཆབས་ཅིག ལྕགས་ལམ་སྡེ་ཚན་གྱིས་ཀྲུང་མོང་དང་། ཀྲུང་ཨུ། ཀྲུང་ཝེ་བཅས་ཀྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཡག་པོ་བཏང་ནས་རྒྱལ་སྒྲོལ་མི་སྣ་འགྲོ་འོང་དང་དཔལ་འབྱོར་ཉོ་ཚོང་སྤེལ་རེས་ལ་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།