ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་10.4%འཕར་བ།
གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཚེས་15ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོ་ཚུན་དུ། རང་རྒྱལ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཉོ་ཚོང་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2864.2ཟིན་པ་དེ་དུས་མཚུངས་ལས་10.4%འཕར་ནས་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་1881.8ཟིན་པ་དེ་དུས་མཚུངས་ལས་5.6%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་982.4ཟིན་པ་དེ་དུས་མཚུངས་ལས་21%འཕར་ཡོད།
འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔར་ཕྱིར་གཏོང་ནང་འདྲེན་བྱེད་ཚད2013ལོའི་སྒོར་དུང་ཕྱུར་3120.4ནས་2024ལོའི་སྒོར་དུང་ཕྱུར་6741.5བར་མང་དུ་ཕྱིན་ནས་116%འཕར་བ་དང་། ལོ་རེར་ཆ་སྙོམས་འཕར་ཚད་7.3%ཟིན་པས། དུས་མཚུངས་ཀྱི་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ཧྲིལ་པོའི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་2.3ཀྱིས་མཐོ་བ་ཡོད་པ་དང་ཕྱོཌ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་མུ་མཐུད་ཟབ་ཏུ་ཕྱིན་ཡོད།
རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་ཞིང་ལས་ཁྱབ་ཁོངས་དང་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཧུར་ཐག་བྱས་ཏེ། ཨེ་ཤེ་ཡ་དབུས་མའི་ལྗང་མདོག་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་བས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་ཡོད། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ནས་སྒོར་དུང་ཕྱུར་43.6ཟིན་པའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་26.9%འཕར་ཡོད། དེའི་ནང་ཧ་སག་སི་ཐན་ནས་ནང་འདྲེན་བྱས་པའི་ཟར་མའི་ས་བོན་དུས་མཚུངས་ལས་202.1%འཕར་བ་དང་། ཨུ་ཟ་བྷེ་ཁི་སི་ཐན་ནས་ནང་འདྲེན་བྱས་པའི་རྒུན་འབྲུམ་སྐམ་པོ་དུས་མཚུངས་ལས་153.7%འཕར་བ། ཁེར་གྷི་སི་ཐན་ནས་ནང་འདྲེན་བྱས་པའི་སྦྲང་རྩི་དུས་མཚུངས་ལས་ལྡབ་10.9འཕར་ཡོད་པ་རེད།
ཆུ་ཚད་མཐོ་བའི་མཉམ་སྦྲེལ་མཉམ་མཐུད་དྲ་རྒྱ་བཙུགས་པ་དང་མཐའ་འཁོར་གྱི་གཞུང་ལམ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་གཞུང་ལམ་སྐྱེལ་འདྲེན་གྱིས་རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔར་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་བཟུང་ཚད་ཉེ་བའི་ལོ་ཤས་རིང་ཆེས་ཆེར་འཕར་ཡོད། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱིས་གཞུང་ལམ་སྐྱེལ་འདྲེན་བྱེད་སྟངས་ལ་བརྟེན་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔར་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་1436.5བྱས་པ་དེ་དུས་མཚུངས་ལས་10.9%འཕར་ནས་བཟུང་བའི་བསྡུར་ཚད་བརྒྱ་ཆ་ལྔ་ཡན་རྒྱུན་འཁྱོངས་ཐུབ་ཡོད།