དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་གྲོ་ཉོ་སྒྲུབ་བྱེད་ཚད་ཏུན་ཁྲི་1700ལྷག་ཙམ་ཟིན་པ།

    ཉོ་སྒྲུབ་ཀྱི་མྱུར་ཚད་ལོ་གོང་མའི་དུས་མཚུངས་ལས་མགྱོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-16

    རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་པར་གཞིགས་ན། དབྱར་གྲོ་ཏུན་ཁྲི་1700ལྷག་ཙམ་ཉོས་ནས་ཉོ་སྒྲུབ་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།

    རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་འབྲུ་རིགས་གྲབས་གསོག་སིའི་སི་ཀྲང་གཞོན་པ་ཤང་ཡུས་ཤུས་ཀྱིས། ཉེ་ཆར་ཐོན་ཁུལ་ཁག་གཅིག་གི་ནམ་དུས་གསར་པའི་གྲོའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་སྤྱི་ཡོངས་ཀྱི་སྤུས་ཚད་རྒྱུན་གཏན་ལས་ཡག་པ་ཡོད་ཅིང་། མིག་སྔར་ཉོ་ཚོང་འཁྲུག་ཆ་དོད་པ་དང་། ལས་སྣོན་ཁེ་ལས་ཀྱིས་མཛོད་སྒོ་ཕྱེ་ནས་ཉོ་བ། གྲབས་གསོག་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་བཀར་འཇུག་བྱེད་པ། ཚོང་དོན་ཁེ་ལས་ཉོ་སྒྲུབ་ལ་ཧུར་ཐག་ཞུགས་པ། གྲོ་ཉོ་སྒྲུབ་ཀྱི་མྱུར་ཚད་ལོ་གོང་མའི་དུས་མཚུངས་ལས་མགྱོགས་པ། ཁྲོམ་ར་ཅུང་བརྟན་པ། སྤུས་ཀ་དག་ལ་རིན་གོང་མཐོ་བའི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།