དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་རང་རྒྱལ་གྱི་སྲིང་བལ་འདེབས་རྒྱ་སྔོན་དཔག་བྱས་ན་མུའུ་ཁྲི་4482 ལས་བརྒལ་བཟོ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-16

    ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་ཀྲུང་གོ་སྲིང་བལ་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། སྔོན་དཔག་བྱས་ན། 2025ལོར་རྒྱལ་ཡོངས་ཀྱི་སྲིང་བལ་འདེབས་རྒྱ་མུའུ་ཁྲི་4482.3ཟིན་བཟོ་ཡོད་པ་དེ་དུས་མཚུངས་ལས་1.8%འཕར་བ་དང་འཕར་ཚད་ན་ནིང་ལས་བརྒྱ་ཆའི་གྲངས་1.4མཐོ་རུ་ཕྱིན་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། ཤིན་ཅང་གི་སྲིང་བལ་འདེབས་རྒྱ་མུའུ་ཁྲི་4090ཟིན་པ་དེ་དུས་མཚུངས་ལས་3.3%འཕར་ཞིང་། མིག་སྔར་ཤིན་ཅང་གི་སྲིང་བལ་སྐྱེ་འཚར་ཡག་པོ་ཡོད་པ་དང་ཟླ་བ་5པའི་ཟླ་མཇུག་ཏུ་ཤིན་ཅང་གི་སྲིང་བལ་མང་ཆེ་བ་ཐིའུ་གཏོང་བའི་དུས་སུ་སླེབས་ཡོད། ཟླ་བ་དྲུག་པ་ཤར་རྗེས་ཤིན་ཅང་གི་ཆ་སྙོམས་དྲོད་ཚད་ལོ་འཁོར་མོ་ལས་ཅུང་མཐོ་བ་དང་ཆར་ཆུ་ལོ་འཁོར་མོ་ལས་ཅུང་ཉུང་བས། གནམ་གཤིས་ཆ་རྐྱེན་དེས་སྲིང་བལ་ཐོན་སྐྱེད་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་ཞིང་རའི་གཡོག་བྱེད་ལ་ཤུགས་སྣོན་རྒྱག་དགོས་པ་དང་དུས་མཚུངས་སུ་ལོ་ཏོག་གི་ནད་འབུའི་གནོད་འཚེར་དོགས་ཟོན་ཆེན་པོ་བྱས་ནས་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་དགོས།

    ཀྲུང་གོ་སྲིང་བལ་མཐུན་ཚོགས་ཀྱིས་ལག་བསྟར་བྱས་པའི“ཀྲུང་གོའི་སྲིང་བལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”རྣམ་གྲངས་ལ་འཕེལ་རྒྱས་གལ་ཆེན་བྱུང་ཞིང་། མིག་སྔར་ཞིབ་བཤེར་དང་ཁས་ལེན་ཐོབ་པའི་ཤིན་ཅང་སྲིང་བལ་ཞིང་ར་མུའུ་ཁྲི་120ནས་རིམ་རྩིས་བརྒྱབ་ན། “རྒྱུན་མཐུད་ཆོག་པའི་སྲིང་བལ”ཏུན་ཁྲི་43ཐོན་སྐྱེད་བྱས་ཡོད། “རྒྱུན་མཐུད་ཆོག་པའི་སྲིང་བལ”ཞེས་པ་ནི་སྲིང་བལ་འདེབས་པའི་བརྒྱུད་རིམ་ནང་ཚན་རིག་དང་མཐུན་པའི་འདེབས་སྟངས་སྤྱད་དེ་སྲིང་བལ་གྱི་ཐོན་འབབ་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་སྨན་དང་རྫས་ལུད་བེད་སྤྱོད་ཉུང་དུ་གཏོང་བ་དང་། མི་ཐབས་ཀྱིས་སྲིང་བལ་སྐྱེ་འཚར་ལ་བཀག་འགོག་བྱེད་ཚད་ཆུང་དུ་གཏོང་བ། ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བ་བཅས་ལ་ཟེར།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།