དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་10.68འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-16

    ཀྲུང་གོ་མི་དམངས་དངུལ་ཁང་གི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་10.68འཕར་ཡོད། ཟླ་ལྔ་པའི་ཟླ་མཇུག་བར་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་270.2ཟིན་ནས་དུས་མཚུངས་ལས་6.7%འཕར་བ་དང་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་266.32ཟིན་ནས་དུས་མཚུངས་ལས་7.1%འཕར་ཡོད།

    སྡེ་ཚན་དབྱེ་ནས་བལྟས་ན། ཁྱིམ་ཚང་གི་དངུལ་བུན་སྒོར་དུང་ཕྱུར་5724འཕར་བ་དང་། དེའི་ནང་དུས་ཐུང་གི་དངུལ་བུན་སྒོར་དུང་ཕྱུར་2624ཉུང་དུ་ཕྱིན་པ་དང་དུས་ཡུན་འབྲིང་རིང་གི་དངུལ་བུན་སྒོར་དུང་ཕྱུར་8347འཕར་ཡོད། ཁེ་ལས(བྱ་གཞག)ལས་རིགས་ཚན་པའི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.8འཕར་བ་དང་། དེའི་ནང་དུས་ཐུང་གི་དངུལ་བུན་སྒོར་དུང་ཕྱུར་ཁྲི་3.14འཕར་བ་དང་། དུས་ཡུན་འབྲིང་རིང་གི་དངུལ་བུན་སྒོར་དུང་ཕྱུར་ཁྲི་6.16འཕར་བ། འཛིན་ཤོག་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་3645འཕར་ཡོད། དངུལ་ཁང་ལས་རིགས་མིན་པའི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་སྒོར་དུང་ཕྱུར་1357འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།