ཀུའེ་ཀྲོའུ་ཡིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་གྲོན་བསྡུའི་དོ་དམ་བྱ་ཐབས་བཏོན་པ།
ཉེ་ཆར་ཀུའེ་ཀྲོའུ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བཞི་ཡིས《ཀུའེ་ཀྲོའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་གྲོན་བསྡུའི་དོ་དམ་བྱ་ཐབས》མཉམ་དུ་བཟོས་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་གྲོན་བསྡུའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་སྤུས་ཚད་མཐོ་རུ་བཏང་བ་རེད།
《བྱ་ཐབས》ནང་བཏོན་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་གྲོན་དངུལ་ཐད་རིགས་དབྱེ་ནས་རིན་གོང་རྩིས་རྒྱག་པ་དང་བསྡུ་དགོས། གཅིག་ནས“ཆུ་འཛད་སྤྱོད་བྱེད་ཚད་ཕབ་རྩིས་བཏགས་གྲངས་རྩིས་ཐབས”སྤྱོད་རྒྱུ་དར་སྤེལ་གཏོང་བ་དང་བསྔགས་སྐུལ་བྱས་ཏེ་ཆུ་རིན་དང་མཉམ་དུ་བསྡུ་དགོས། “ཆུ་འཛད་སྤྱོད་བྱེད་ཚད་ཕབ་རྩིས་བཏགས་གྲངས་རྩིས་ཐབས”ལག་བསྟར་ཆ་རྐྱེན་མ་འཛོམས་པའི་ས་གནས་སུ་གྲོང་མིར་དུད་ཚང་རེ་རེའམ་ཡང་ན་མི་རེ་རེ་གཞིར་བཟུང་བཅད་གྲངས་དང་དུས་བཀག་ལྟར་བསྡུ་ཆོག གྲོང་མི་མ་ཡིན་པར་གད་སྙིགས་ཐོན་ཚད་གཞིར་བཟུང་གྲངས་རྩིས་གྲོན་བསྡུ་བྱེད་པའི་བསྔགས་སྐུལ་བྱེད་དགོས་ལ། ལས་བཟོའི་མི་གྲངས་སོགས་རིན་རྩིས་རྩིས་གཞིར་བྱས་ཏེ་དུས་བཀག་བཞིན་བསྡུས་ཀྱང་ཆོག གཉིས་ནས་གྲོང་མི་མ་ཡིན་པའི་ཐབ་ཚང་གད་སྙིགས་ཉུང་གཏོང་ལ་སྐུལ་འདེད་གཏོང་བར་ཕན་པའི་རྩ་དོན་གཞིར་བཟུང་གྲངས་རྩིས་གྲོན་བསྡུ་བྱེད་དགོས། གསུམ་ནས“མཉམ་བསྲེས་གད་སྙིགས་ལ་རིན་པ་མང་ཙམ་བསྡུ་བ་དང་རིགས་དབྱེའི་གད་སྙིགས་ལ་རིན་པ་ཉུང་ཙམ་བསྡུ་བའི”རྩ་དོན་གཞིར་བཟུང་། རིགས་དབྱེའི་གད་སྙིགས་དང་མཉམ་བསྲེས་གད་སྙིགས་ལ་ཁྱད་པར་ཅན་གྱི་གྲོན་བསྡུའི་སྲིད་ཇུས་རིམ་བཞིན་ཁྱབ་སྤེལ་གཏོང་དགོས།