མི་ཐབས་རིག་ནུས་ཀྱི་རྩིས་ནུས་སྲུང་སྐར་བར་སྣང་དུ་འཕེན་གཏོང་བྱས་པ།
འདི་ནི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྩིས་རྒྱག་སྲུང་སྐར་བར་སྣང་དུ་འཕེན་གཏོང་བདེ་བླག་བྱུང་བའི་གནས་ཚུལ་ཡིན་པ།
ཀྲུང་གོས་འཛམ་གླིང་གི་བར་སྣང་རིམ་འདས་རྩིས་འཁོར་ཐོག་མ་བཟོ་འགོ་བཙུགས་ཡོད། རྣམ་གྲངས་དེས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་དང་གྲངས་གཞི་ཐག་གཅོད་ལ་འགྱུར་ལྡོག་གཏོང་ཐུབ་རེ་ཡོད། འཆར་གཞི་འདིས་བར་སྣང་གི་རིམ་འདས་རྩིས་འཁོར་གྱི་ལྷུ་ལག་ཁག་དང་པོ་འཁོར་ལམ་དུ་སྐྱེལ་རྒྱུ་རེད།
ཉེ་ཆར་འཕེན་གཏོང་བདེ་བླག་བྱུང་བའི་ཁག་དང་པོའི་སྲུང་སྐར་12ནི་ཀྲི་ཅང་ཚོད་ལྟ་ཁང་གིས་གཙོ་ཁྲིད་བྱས་ནས་བཟོས་པའི“གཟུགས་གསུམ་རྩིས་རྒྱག་སྐར་ཚོམ”འཕེན་གཏོང་བྱེད་ཐེངས་ཐོག་མ་དེ་ཡིན་ལ། རྒྱལ་ཁབ་ཀྱི་སྲུང་སྐར་འཇིག་རྟེན་འཕུར་སྐྱོད་ཀྱི“སྐར་རྩིས”འཆར་གཞིའི་འཕེན་གཏོང་ཐོག་མ་དེའང་རེད། དེའི་དམིགས་ཡུལ་ནི། མི་ཐབས་རིག་ནུས་ཀྱི་རྩིས་ནུས་བར་སྣང་དུ་སྐྱེལ་རྒྱུ་དེ་རེད། རྩིས་རྒྱག་སྐར་ཚོམ་དེའི་ལེགས་ཆ་ཆེ་ཤོས་ནི་རྩིས་རྒྱག་གི་ནུས་པ་ཆེན་པོ་ལྡན་པ་མ་ཟད། ལག་རྩལ་ཐད་གསར་གཏོད་རང་བཞིན་གྱི་ནུས་པའང་ལྡན་ཡོད། དེ་འཆར་འགོད་བྱེད་དོན་ནི་འཁོར་ལམ་ཐོག་ཐད་ཀར་ཆ་འཕྲིན་ཐག་གཅོད་བྱས་ནས་ས་ངོས་ས་ཚིགས་ཀྱི་གྲངས་གཞི་དབྱེ་ཞིབ་ནུས་པར་བརྟེན་ཚད་ཉུང་དུ་གཏོང་རྒྱུ་དེ་རེད།
—— སི་ཕེན《ཉིན་རེའི་ཚགས་པར》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།