དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མཐའ་མཚམས་བརྒྱུད་ནས་ཀྲུང་གོར་ལྟ་བ”(དུས་ཚིགས་གཉིས་པ)བོད་ཀྱི་ལེའུ་ཡི་འཕྲིན་སྤེལ་བྱེད་འགོ་ཚུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-16

    ཟླ་5ཚེས་28ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའི“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”སློབ་སྦྱོང་ལས་སྟེགས་ཀྱིས་སྐམ་ལམ་མཐའ་མཚམས་ཞིང་ཆེན(རང་སྐྱོང་ལྗོངས)དགུ་དང་མཉམ་འགུལ་བྱས་ནས་བཏོན་པའི་མཉམ་འདྲེས་སྨྱན་སྦྱོར་གྱི“མཐའ་མཚམས་བརྒྱུད་ནས་ཀྲུང་གོར་ལྟ་བ”(དུས་ཚིགས་གཉིས་པ)བོད་ཀྱི་ལེའུ་ཡི་འཕྲིན་སྤེལ་དངོས་སུ་བྱེད་འགོ་ཚུགས་པ་རེད།

    ཟླ་6ཚེས་12ཉིན་ནས་བཟུང་། འཕྲིན་སྤེལ་བྱེད་སྒོ་དེས་བོད་ལྗོངས་ས་ཁུལ་ལ་དམིགས་ནས་རྒྱལ་ལམ་219རྒྱུད་ཀྱི་གནས་ཚུལ་འགོད་སྤེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་། རྒྱལ་གཅེས་མཐའ་སྲུང་། ཐོན་ལས་འཕེལ་རྒྱས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། གྲོང་གསེབ་ཡུལ་སྐོར། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། དེ་བཞིན་སློབ་གསོ་དང་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་དུས་རབས་གསར་པའི་བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་རྣམ་པ་གསར་པ་དང་ཉམས་འགྱུར་གསར་པ་ཕྱོགས་བསྡུས་ཐོག་མངོན་པར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།