དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུའི་ཆག་སྒོ་བྱུང་རྐྱེན་རྒྱ་གར་གྱི་ཙུང་ཐུང་མུར་མུ་དང་ཙུང་ལི་མོ་ཏིར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

    ལི་ཆང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏིར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-06-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་6ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུའི་ཆག་སྒོའི་ཁྲོད་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་སྐོར་ལ་རྒྱ་གར་གྱི་ཙུང་ཐུང་མུར་མུ་དང་ཙུང་ལི་མོ་ཏིར་ཁག་སོ་སོར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    ཞི་ཅིན་ཕིང་གིས། རྒྱ་གར་གྱི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་ཤེས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ལ། རྨས་མ་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཙུང་ལི་མོ་ཏིར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།