དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་དབྱིན་ཇིའི་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་དབྱིན་ཇིའི་རྒྱལ་པོ་ཁྲར་སི་ཁྲི་ཐོག་གསུམ་པར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

    ལི་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-06-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་6ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་དབྱིན་ཇིའི་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་དབྱིན་ཇིའི་རྒྱལ་པོ་ཁྲར་སི་ཁྲི་ཐོག་གསུམ་པར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། རྒྱ་གར་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་གློ་བུར་དུ་གོ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་སྐྱོན་ཕོག་པའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ། རྨས་མ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དབྱིན་ཇིའི་དབུ་བཞུཌ་བློན་ཆེན་སི་ཐཱ་མོར་སེམས་གསོའི་གློག་འཕྲིན་བཏང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།