དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆུ་བེད་པུས་རྒྱལ་ཡོངས་ཀྱི་རྒྱུན་གཏན་མིན་པའི་ཆུ་གསར་སྤེལ་དང་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-15

    གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཆུ་བེད་པུས་ཆུ་དཀོན་པའི་ས་ཁུལ་དང་། ཆུའི་ཁོར་ཡུག་གི་ཚོར་སྐྱེན་ཆེ་བའི་ས་ཁུལ། ཆུའི་སྐྱེ་ཁམས་ཉམས་ཞན་ས་ཁུལ་བཅས་ལ་གཞིགས་ནས། 2025ལོ་དང་2026ལོ་དུས་འཁོར་དུ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱུན་གཏན་མིན་པའི་ཆུ་གསར་སྤེལ་དང་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱས་ནས། རང་རྒྱལ་གྱི་ཆུའི་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། དེའི་ནང་2025ལོར་འཛུགས་སྐྲུན་རྣམ་གྲངས་20ལག་བསྟར་བྱེད་རྒྱུ་ཡིན་པས། སྔོན་དཔག་བྱས་ན་རྒྱུན་གཏན་མིན་པའི་ཆུ་བེད་སྤྱོད་བྱེད་ནུས་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.2མང་དུ་འགྲོ་རྒྱུ་རེད།

    ལོ་གཉིས་ཀྱི་རྣམ་གྲངས་ལག་བསྟར་བྱས་རྗེས། སྔོན་དཔག་བྱས་ན་རྒྱུན་གཏན་མིན་པའི་ཆུ་བེད་སྤྱོད་བྱེད་ནུས་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3ལྷག་ཙམ་ཟིན་ནས། ས་ཁོངས་ཀྱི་རྒྱུན་གཏན་མིན་པའི་ཆུ་གསར་སྤེལ་དང་བེད་སྤྱོད་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པ་དང་། རང་རྒྱལ་གྱི་2025ལོའི་རྒྱུན་གཏན་མིན་པའི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་230ལྷག་ཙམ་ཟིན་པའི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་མ་ཐེབས་ནས། པེ་ཅིང་དང་ཐེན་ཅིན་དང་དེ་བཞིན་ཧོ་པེ་དང་། རྨ་ཆུ་རྒྱུག་ཁུལ། འབྲི་ཆུའི་དཔལ་འབྱོར་རྒྱུད་སོགས་རྒྱལ་ཁབ་ས་ཁོངས་ཀྱི་འཐབ་ཇུས་ཐེག་ཁུལ་གལ་ཆེན་གྱི་ཆུའི་ཐོན་ཁུངས་མཁོ་སྤྲོད་ཀྱི་འགལ་བ་རིམ་བཞིན་ཞི་ལྷོད་དང་ས་ཁོངས་ཆུའི་སྐྱེ་ཁམས་གནས་ཚུལ་ལེགས་སུ་ཕྱིན་ནས་ཆུའི་ཁོར་ཡུག་གི་སྤུས་ཚད་མཐོ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།