ཀོང་ཏུང་གིས་བྱེད་ཐབས་ཁག་17བཏོན་ནས།
ཕྱི་ཕྱོགས་ཚོང་དོན་ཁེ་ལས་ནང་ཁུལ་གྱི་ཕྱིར་འཚོང་རྒྱ་སྐྱེད་གཏོང་རོགས་བྱས་པ།
ཉེ་ཆར་ཀོང་ཏུང་ཞིང་ཆེན་གྱིས་ཁྲོམ་རར་ཞུགས་འཐུས་ཞབས་ཞུ་ལེགས་སུ་གཏོང་བ་དང་། ནང་ཁུལ་གྱི་ཕྱིར་འཚོང་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ནང་དང་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྟ་འདོམས་ཁྲིམས་སྒྱུར་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་ཕྱོགས་དྲུག་གི་ཐད་ནས་ཞིབ་ཕྲའི་ལས་དོན་གྱི་བྱེད་ཐབས་ཁག་17བཏོན་ཏེ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ནང་ཁུལ་གྱི་ཕྱིར་འཚོང་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།
ཉེ་དུས་སྤེལ་བའི“འཛམ་གླིང་ཁས་ལེན་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོའི་ཐོག་ཀོང་ཏུང་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཕྱིར་གཏོང་དེ་ནང་ཁུལ་གྱི་ཕྱིར་འཚོང་ལ་སྒྱུར་བའི་ཐོན་རྫས་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མཐུན་པའི་རང་ངོས་གསལ་བསྒྲགས་དང་། བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོན་གྱི་ཤར་བགྲོད་བགྲོད་ལམ། བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་ཤར་བགྲོད་བགྲོད་ལམ་སོགས་ཁྲོམ་རར་ཞུགས་འཐུས་ཀྱི་སྟབས་བདེ་ཅན་གྱི་བཀོད་སྒྲིག་ཐད་ས་གནས་ས་ཐོག་ཏུ་སྲིད་ཇུས་གསལ་འགྲེལ་བྱས་པ་མ་ཟད། རྒྱལ་ནང་དང་ཕྱི་ཕྱོགས་ཚོང་དོན་ཞིབ་དཔྱད་ཚད་ལེན་དང་ཁས་ལེན་དཔང་འདོན་ཞབས་ཞུའི་སྦྲེལ་མཐུད་ཁུལ་དང་ཕྱིར་གཏོང་དེ་ནང་ཁུལ་གྱི་ཕྱིར་འཚོང་ལ་སྒྱུར་བའི་ཞབས་ཞུ་ཁུལ་སོགས་ཀྱི་སྦྲེལ་མཐུད་སྤེལ་རེས་ལས་སྟེགས་བཙུགས་ནས་རྒྱ་ཆེའི་རྒྱལ་ནང་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ངོ་ཐུག་གདོང་འཕྲད་ཀྱི་མཛུབ་ཁྲིད་བྱས་པ་དང་དོགས་གནད་བསལ་ཡོད།
བྱེད་སྒོ་སྤེལ་རིང་། ཀོང་ཏུང་ཞིང་ཆེན་གྱི་རྒྱལ་ནང་དང་ཕྱི་ཕྱོགས་ཚོང་དོན་ཞིབ་དཔྱད་ཚད་ལེན་དང་ཁས་ལེན་དཔང་འདོན་གཞི་གཅིག་ཅན་གྱི་ཞབས་ཞུའི་མནའ་འབྲེལ་བཙུགས་པ་དང་། ཁས་ལེན་དཔང་འདོན་སྒྲིག་གཞི་8ཀྱིས་ཕྱིར་གཏོང་དེ་ནང་ཁུལ་གྱི་ཕྱིར་འཚོང་ལ་སྒྱུར་བའི་ཐོན་རྫས་ཀྱི་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོན་གྱི་ཤར་བགྲོད་བགྲོད་ལམ་ཞབས་ཞུའི་ཁས་ལེན་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་རེད། ཉེ་ཆར། ཀོང་ཏུང་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁས་ལེན་དཔང་འདོན་སྒྲིག་གཞིར་མཛུབ་ཁྲིད་བྱས་ཏེ་ཕྱིར་གཏོང་དེ་ནང་ཁུལ་གྱི་ཕྱིར་འཚོང་ལ་སྒྱུར་བའི་ཐོན་རྫས་ཀྱི་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོན་གྱི་ཤར་བགྲོད་བགྲོད་ལམ་བཏོད་ནས། ཁེ་ལས་160ལྷག་ཙམ་གྱི་ཕྱིར་གཏོང་དེ་ནང་ཁུལ་གྱི་ཕྱིར་འཚོང་ལ་སྒྱུར་བའི་ཐོན་རྫས་ལ་བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཁས་ལེན་དཔང་འདོན་ལག་ཁྱེར་360ལྷག་ཙམ་སྤྲད་པའི་ནང་ཁྱིམ་སྤྱོད་གློག་ཆས་དང་། གློག་རྡུལ། རྩེད་ཆས་སོགས་ཀྱི་ཐོན་རྫས་རིགས་16ཚུད་ཡོད་པ་དང་། ཁས་ལེན་དཔང་འདོན་གྱི་མ་གནས་ཆ་སྙོམས་40%གྲོན་ཆུང་ཐུབ་ནས་ཁས་ལེན་དཔང་འདོན་གྱི་འགྲོ་ལུགས་གཉེར་ཡུན་30%ཐུང་དུ་ཕྱིན་ཡོད་པ་རེད།