དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་དུས་སུ་སོ་ནམ་ལས་ལ་བྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-15

    ཉེ་ཆར། ཧྲན་ཏུང་ཏེ་ཀྲོའུ་ཕིན་ཡོན་རྫོང་གི་ལུའུ་ཝང་ཞིང་རར་དབྱར་འབྲུ་ནུས་ཤུགས་ཡོད་རྒུས་སྡུད་བཞིན་ཡོད་པ་དང་ས་གནས་དེ་གའི་གློག་འདོན་སྡེ་ཚན་གྱིས་སྒྲིག་བཀོད་སྲུང་སྐྱོང་བྱས་ཏེ་གྲོ་རྔ་བའི་དགོས་མཁོ་སྐོང་བཞིན་ཡོད། འདི་ནི་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ཀྱིས་ཞིང་ནང་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་ཅང་སུའུ་ནན་ཐུང་ཐུང་ཀྲོའུ་ཆུས་ཅིན་ཧྲ་ཁྲོམ་གཞུང་གི་ཞིང་པས་ཞིང་ནང་དུ་ཞིང་འཕྲུལ་བཏང་ནས་ལྗང་པ་འཛུགས་བཞིན་པ།

    དབྱར་དུས་སུ་ས་གནས་མང་པོའི་ཞིང་འཕྲུལ་གཏོང་མཁན་གྱིས་གནམ་གཤིས་ཡག་པོ་ཡོད་པ་དང་བསྟུན་ནས་དབྱར་བསྡུའི་ལས་ལ་བྲེལ་བཞིན་ཡོད། དེ་དང་ཆབས་ཅིག་ས་གནས་ཁག་གི་ཞིང་པས་དུས་ཚོད་ལ་དམ་འཛིན་གྱིས་འཕྲུལ་ཆས་ཅན་གྱི་དབྱར་འདེབས་བྱས་ཏེ་སྟོན་དུས་ལོ་ལེགས་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཆེད། ཞིང་ནང་དང་མུ་ཁར་ལས་བྲེལ་ཆེ་བའི་རྣམ་པས་ཁེངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།