དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱ” ཡི་བྱེད་སྒོ་ཐེངས་158པ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-15

    ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་ཐེངས་བརྒྱ”ཡི་བྱེད་སྒོ་ཐེངས་158པ་ཚེས་12ཉིན་ལེའོ་ཉིང་ཧྲེན་དབྱང་གི“དགུ·གཅིག་བརྒྱད”ལོ་རྒྱུས་རྟེན་མཛོད་ཁང་དུ་སྤེལ་བ་རེད།

    སྒྲོག་འགྲེལ་བྱེད་རིང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་རུང་གིས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་དང་ཚད་ལྡན་ཡིག་ཆ་གཞི་ལ་བྱས་ཏེ་ཕྱོགས་མང་པོའི་ཐོག་ནས“ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་སྲོག་ཤིང་ཀ་རྟེན་དུ་གྱུར་བ་ནི་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན”ཞེས་པའི་བརྗོད་དོན་གཙོ་བོར་གསལ་འགྲེལ་བྱས་པའི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་སྔོན་ལ་དྲག་ཆས་རི་འགོག་གི་དར་ཆ་མཐོན་པོར་སྒྲེང་བ་དང་། རི་འགོག་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་རྒྱུ་དར་སྤེལ་དང་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་རི་འགོག་དམག་འཁྲུག་གི་ལམ་ཕྱོགས་དང་ཡུན་རིང་དམག་འཁྲུག་གི་འཐབ་ཇུས་ཀྱི་སྤྱིའི་མཛད་ཕྱོགས་འདོན་པ། དགྲ་བོའི་རྒྱབ་ཕྱོགས་ཀྱི་གཡུལ་ས་གཏོད་པ་དང་དགྲ་བོའི་རྒྱབ་ཕྱོགས་ཀྱི་རི་འགོག་གནས་གཞིའི་ཁུལ་སྐྲུན་པ། མི་དམངས་དམག་འཁྲུག་སྐུལ་སློང་དང་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཏང་འཛུགས་སྐྱོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ་བཅས་ཚུད་ཡོད་པས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་ལ་རྒྱུས་མངའ་ལོན་པར་ཕྱོགས་ཡོངས་དང་དངོས་ཡོད་དང་མཐུན་པའི་ལྟ་ཕྱོགས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།