ཆུ་ཚོད་240ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་55བར་མང་དུ་བཏང་བ།
གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་12ཉིན་ནས་བཟུང་། ཧིན་རྡུ་ཉི་ཞི་ཡའི་སྤྱི་དམངས་ཆུ་ཚོད་240ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཀྲུང་གོར་སྟབས་བདེ་པོས་ཡོང་ཆོག་པས། ཀྲུང་གོས་ཆུ་ཚོད་240ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་ཆོག་པའི་རྒྱལ་ཁབ་55བར་མང་དུ་བཏང་ཡོད།
མིག་སྔར་ཧིན་རྡུ་ཉི་ཞི་ཡ་དང་། ཨུ་རུ་སུ། དབྱིན་ཇི་སོགས་རྒྱལ་ཁབ་55ཡི་མི་སྣས་གོ་ཆོད་པའི་རྒྱལ་སྤྱིའི་ཡུལ་སྐོར་ལག་ཁྱེར་འཁྱེར་བ་དང་། དུས་ཚོད་དང་སྡོད་གནས་གཏན་འཁེལ་བའི་མཉམ་སྦྲེལ་འགྲུལ་པའི་སྤ་སེ་ཡོད་ཕྱིན། ཀྲུང་གོ་ནས་རྒྱལ་མཚམས་བསྒྲལ་ཏེ་རྒྱལ་ཁབ་གསུམ་པའམ་ཡང་ན་ས་ཁུལ་དུ་བསྐྱོད་ཚེ་པེ་ཅིང་དང་ཧྲང་ཧའེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24ཡི་སྒོ་འབྱེད་འགག་སྒོ་60ཁྲོད་ཀྱི་འགག་སྒོ་གང་རུང་ལས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་ཆོག་པ་མ་ཟད། གཏན་འབེབས་བྱས་པའི་ས་ཁོངས་སུ་སྡོད་ཡུན་ཉིན་10ལས་བརྒལ་མི་ཆོག་པ་དང་། དེ་གར་སྡོད་རིང་ཡུལ་སྐོར་དང་། ཚོང་དོན། འཚམས་འདྲི། གཉེན་འཕྲད་སོགས་བྱེད་ཆོག་པ་དང་། ལས་ཀ་དང་། སློབ་སྦྱོང་། གསར་འགྱུར་བཅར་འདྲི་སོགས་སྔོན་ལ་ཆོག་མཆན་སྤྲོད་དགོས་པའི་བྱེད་སྒོར་སྔར་བཞིན་ཐོངས་མཆན་འགོད་པའི་འགྲོ་ལུགས་གཉེར་དགོས་ཀྱི་ཡོད་པ་རེད།