དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་ལ“རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”མཚན་སྙན་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-15

    ཉེ་ཆར། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ནས། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ཤེས་དཔལ་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ་སོགས་ལ་གཟེངས་བསྟོད་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་དང་གྲོང་རྡལ་དང་། ཚན་པ། ཁྱིམ་ཚང་། སློབ་གྲྭ་སོགས་མང་དག་ཅིག་ལ་གཟེངས་བསྟོད་ཐོབ་ཡོད་པ་རེད། དེ་དག་ཁྲོད་དུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་སྡེ་ཁུལ“རྒྱལ་ཡོངས་ཤེས་དཔལ་ཚན་པར”བདམས་པ་རེད།

    ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་དེས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། རིག་གནས་ཀྱིས་མཐུན་རྐྱེན་སྦྱོར་བ། དམངས་འཚོར་ཞབས་ཞུ་སོགས་ལ་ཤུགས་སྣོན་བརྒྱབ་སྟེ། ཤེས་དཔལ་ཚན་པ་འཛུགས་གཏོད་དང་སྡེ་ཁུལ་བཅོས་སྐྱོང་བྱ་རྒྱུ་དེ་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བས། “རྒྱལ་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་རྒན་རྒོན་མཛའ་གྲོགས་རྣམ་པའི་སྡེ་ཁུལ”དང་། “རྒྱལ་ཡོངས་ཀྱི་ཤེས་དཔལ་ལག་ལེན་བུད་མེད་དང་བླངས་ཉི་འོད་ས་ཚིགས” “རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ཚན་པ” “རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས”སོགས་ཀྱི་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།