དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-15

    གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། ཁྱབ་ཁོངས་མང་པོ་ཞིག་ཏུ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་འབྲེལ་གྲུབ་འབྲས་མངོན་གསལ་དོད་པོའང་ཐོབ་ཡོད།

    ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཐད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཀུ་སྡོང་དང་། སྟར་སྡོང་། རྒུན་འབྲུམ་སྡོང་པོ་སོགས་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་7.6ཆེ་རུ་བཏང་ནས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བ་དང་ཞིང་པའི་ཡོང་འབབ་འཕར་བར་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་ཕྱོགས་ཧ་ཅང་བཟང་བ་སྟེ། ཀྲུང་གོ་རླངས་འཁོར་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་དུ་ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། མིག་སྔར་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་592ཟིན་པའི་ནང་བསྐྲུན་ཟིན་པའི་ཆན་ཝ་ཁྲི་308.9(ཆུ་གློག་གིས་ཆན་ཝ་ཁྲི་190.73དང་། འོད་ཤུགས་ཀྱིས་ཆན་ཝ་ཁྲི་110.91 རླུང་ཤུགས་ཀྱིས་ཆན་ཝ་ཁྲི་7.26བཅས་ཟིན་པ)ཡོད། རིམ་རྩིས་བརྒྱབ་ན། ནུས་རྒྱུ་གཙང་མའི་སྒྲིག་བཀོད་དེ་དག་ལས་གློག་འདོན་ཚད་ཧ་ལམ་ཆན་ཝ་ཆུ་ཚོད་དུང་ཕྱུར་250ཟིན་པ་དང་སྤྱིའི་ཐོན་རྫས་རིན་ཐང་ཧ་ལམ་སྒོར་དུང་ཕྱུར་78ཟིན་ཏེ། ས་ཁུལ་གྱི་ནུས་རྒྱུའི་གྲུབ་ཆ་ལེཌ་སྒྲིག་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    “སྙིགས་མེད་གྲོང་ཁྱེར”འཛུཌ་སྐྲུན་ཐད། ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》དང《ལྷོ་ཁ་གྲོང་ཁྱེར་གྱི“སྙིགས་མེད་གྲོང་ཁྱེར་ཕྲ་ཕུང”

    འཛུགས་སྐྲུན་ལ་སྐུལ་འདེབས་བྱེད་ཐབས》སོགས་ཀྱི་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་བཏོན་པ་དང་འབྲེལ། གསལ་ཐོ“བཞི”དང་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་གཏན་འཁེལ་ཡང་བྱས་ཡོད། མིག་སྔར་འཛུགས་སྐྲུན་དམིགས་ཚད་41ནང་ནས་30ལོ་ལྔ་ཚན་བཅུ་བཞི་པའི་དུས་མཇུག་གི་དམིགས་ཚད་ལ་སྔ་སྣུར་དུ་སླེབས་ཡོད།

    “སྙིགས་མེད”ཁྱབ་ཁོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་20བཏང་སྟེ། རིགས་མི་འདྲ་བ་11གི“སྙིགས་མེད་གྲོང་ཁྱེར་ཕྲ་ཕུང”དང“སྙིགས་མེད་ལས་ཁུངས” 99ལ་སྒོ་བྱང་སྤྲོད་པའི་ལས་དོན་ལེགས་པར་བསྒྲུབས་ཡོད། དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་1དང་། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་3 དཔེ་སྟོན་ཤང་གྲོང(ཁྲོམ་གཞུང)49 དཔེ་སྟོན་གྲོང་ཚོ(གྲོང་ལྷན)420བཅས་འཛུགས་གཏོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཐད་དཔེ་མཚོན་མང་པོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།