དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིང་ཞ་ཡིས་ལེགས་རྨོས་ཞིབ་ལས་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡོན་ཧྥུང་དང་། ཀྲང་ཝུན། ཆིན་རུའེ་ཅེ།   |     སྤེལ་དུས།  2025-06-14

    ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱིས་ཁྱད་ཆོས་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་དམིགས་ནས། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཚོམ་བུ་སྐྱེད་སྲིང་གསོ་སྐྱོང་ཤུགས་ཆེན་བྱས་པ་མ་ཟད། རང་ངོས་ཀྱི་ལེགས་ཆ་མཚོན་པ་དང་འགྲན་རྩོད་ནུས་པ་ཅུང་ཆེ་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཀྱང་ཆེ་རུ་བཏང་ཡོད།

    2024ལོའི་ཟླ་བ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས“ཉིང་ཞ་ཡི་དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་པའི་ཐོན་ལས་དང་། རླུང་གློག་དང་། འོད་ཤུགས། ཆིང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ལས། དེ་བཞིན་རྒུན་ཆང་དང་འདྲེ་ཚེར་མ་སོགས་ཁྱད་ལྡན་ཐོན་ལས་ལེགས་རྨོས་ཞིབ་ལས་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་དགོས”ཞེས་བསྟན་གནང་ཡོད།

    ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བརྩིས་ཤིང་། ཉིང་ཞ་ཡིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཏེ་ཐོན་ལས་འཁོར་འབྲེལ་དང་། ཐོན་ལས་རྟེན་གཞི། ཐོན་ལས་གླིང་། ཐོན་ལས་ཚོམ་བུ་བཅས་རིམ་སྤོར་འདུ་འགོད་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད།

    ལེགས་རྨོས་ཞིབ་ལས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱས་པ།

    དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། ཉིང་ཞ་ཡིས་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་དམ་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད། ཤར་ནུབ་རྒྱུད་ཀྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ་བརྒྱུད། སྲིད་ཐོན་སློབ་ཞིབ་སྤྱོད་བཅས་ལྔ་མཉམ་འབྲེལ་འགག་སྒྲོལ་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་། ཉེ་བའི་ལོ་གསུམ་རིང་། ཉིང་ཞ་ཡི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གཏོང་ཆ་ལོ་རེར་ཆ་སྙོམས་བྱས་ན་12.8%འཕར་བ་དང་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གཏོང་ཆས་བཟུང་བའི་བསྡུར་ཚད་80%ལྷག་ཙམ་ཟིན་ཡོད།

    “འདི་ལོ་ཉིང་ཞ་ཡིས་ལག་རྩལ་འགག་སྒྲོལ་གྱི་རྣམ་གྲངས་གལ་ཆེན་ཁག་100ཡན་ལག་བསྟར་དང་ཚན་རྩལ་གྲུབ་འབྲས་ཁག་500ཡན་གཞན་སྒྱུར་བྱས་ཏེ། རྡོ་སྣུམ་རླངས་རྫས་བཟོ་བཅས་ལྔ་སྣེ་སྦྲེལ་དང་། གཤིས་ནུས་ཆེ་བའི་ལྕགས་རིགས་རྒྱུ་ཆ་ལྗང་མདོག་ལས་སྣོན་ཞིབ་ཚགས། འདྲེ་ཚེར་མ་གསར་སྤེལ་གྱི་རིན་ཐང་མཐོ་བའི་ལས་སྣོན་སོགས་ཐད་ཀྱི་འགག་རྩའི་ལག་རྩལ་ཚད་བརྒལ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་ཝང་ཝུའེ་ཡིས་བཤད།

    རྒྱུན་མཐུད་འཕེལ་རྒྱས་ཀྱིས“ལྗང་མདོག་འདུས་ཚད” དེ་བས་མཐོ་པོར་བརྟེན་ནས“རྩེར་སོན་འདུས་ཚད”མཐོ་རུ་བཏང་བ།

    ཧོ་ལན་རི་བོའི་ཤར་འདབས་སུ་རྒུན་འབྲུམ་ལྡུམ་རའི་མུ་མཐའ་མཐོང་རྒྱུ་མེད་པ།

    ལོ་10ལྷག་ཙམ་གྱི་གོང་དུ་གནས་འདི་བྱེ་ཐང་རེད། “ང་ཚོས་བྱེ་རྡོ་ཏུན་ཁྲི་500སྤོས་ནས་རྒུན་འབྲུམ་མུའུ་8000བཏབ་པ་ཡིན། ད་ཆ་མུའུ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་ལས་བརྒལ་གྱི་འདུག”ཅེས་ཀྲི་ཧུའེ་ཡོན་ཧྲི་ཨ་རག་གཞིས་ཀའི་སྤྱི་ཁྱབ་ཅིང་ལི་ཡོན་ཡོན་གྱིས་མྱོང་ཚོར་ཟབ་མོས་བཤད།

    ཉིང་ཞ་རུ་བེད་མེད་དུ་གྱུར་པའི་གཏེར་ཁུལ་དང་གྲམ་ཐང་མུའུ་ཁྲི་40ཡོད་པ་དག་ད་ཆ་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་བསྒྱུར་བ་དང་། ཆ་སྒྲིག་ཐིགས་ཆུ་གཏོང་བའི་ལག་རྩལ་ལས་ལོ་རེར་ཆུ་ཏུན་ཁྲི་1500གྲོན་ཆུང་ཐུབ་པ། ས་ཆུ་ཤོར་བའི་རྒྱ་ཁྱོན་60%ཉུང་དུ་ཕྱིན་ཡོད།

    དེ་ནི་ཉིང་ཞ་ཡིས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པའི་བསྡུས་རིས་ཤིག་རེད། ཁྱད་ལྡན་ལེགས་ཆའི་ཐོན་ལས་ལྗང་མདོག་ཕྱོགས་སུ་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཉིང་ཞ་ཡིས་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་སྒྱུར་བའི་ལོ་གསུམ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་དང་། ནུས་རྒྱུའི་མ་ལག་གསར་པ་འཛུགས་མགྱོགས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཏོན་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ལྗང་གློག་གླིང་ཁུལ་འཛུགས་སྐྲུན་འཆར་གཞི་བཀྲམ་པ། ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆ་དེ་ཉིད་འགྲན་རྩོད་དང་འཕེལ་རྒྱས་ཀྱི་ལེགས་ཆར་མགྱོགས་མྱུར་བསྒྱུར་ཡོད།

    ཉིང་ཏུང་རྟེན་གཞིས་ལོ་ལྟར་ཆུ་སྙིགས་ཚུར་བསྡུ་བེད་སྤྱོད་བྱས་ཤིང་། ལོ་རེར་ཆུ་སྙིགས་ཚུར་བསྡུ་བེད་སྤྱོད་བྱེད་ཚད་ཏུན་ཁྲི་2400ཟིན་པ་དང་། དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་ནུས་རྒྱུ་གཙང་མ་བེད་སྤྱོད་བསྡུར་ཚད་ད་ལོ་50%བར་མཐོ་རུ་གཏོང་རྒྱུ་ཡིན་པ། འོད་ཤུགས་ཤེལ་ལེབ་བཙུགས་ནས་གློག་གཏོང་བ་དང་ཤེལ་ལེབ་འོག་ཏུ་བྱེ་བཅོས་བྱེད་པའི“གཅིག་གོ་གཉིས་ཆོད”ཀྱི་བྱེད་ཐབས་སྤྱད་དེ་ལོ་རེར་བྱེ་མ་འཇགས་ཐབས་བྱེད་ཚད་མུའུ་ཁྲི་ཟིན་པ་ལ་སོགས། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཝང་ཧན་ཝུའུ་ཡིས“དཔལ་འབྱོར་གྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཉིང་ཞའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་སྲུང་བྱེད་ཀྱི་ཡིན”ཞེས་བཤད།

    རྒྱུན་མཐུད་ཤུགས་བརྒྱབ་ནས་སྙིང་རུས་གཏན་འཁྱོངས་བྱས་པ་བརྒྱུད་ཉིང་ཞའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་དར་རྒྱས་ཆེན་པོ་བྱུང་ཞིང་། རང་སྐྱོང་ལྗོངས་ཡོངས་སུ་སྔོན་ཐོན་གྱི་འོད་ཤུགས་དང་རྩེར་སོན་གྱི་སྒྲིག་ཆས་སོགས་སྒོར་དུང་ཕྱུར་བརྒྱ་རིམ་པའི་ཐོན་ལས་འཁོར་འབྲེལ་དང་དེ་བཞིན་རྒྱུ་ཆ་གསར་པ་དང་དེང་རབས་རྫས་འགྱུར་བཟོ་ལས་སོགས་སྒོར་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་བསྐྲུན་ཡོད་ལ། ཁེ་ལས་གཅིག་སྡུད་དང་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ཀྱི་སྐྱེ་ཁམས་འཁོར་རྒྱའང་མགྱོགས་མྱུར་ཆགས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།